指明燈歌詞

添加日期:2023-09-23 時長:04分44秒 歌手:白瑪旦增

作詞 : 白瑪旦增
作曲 : 白瑪旦增
ཚིག པདྨ་བསྟན་འཛིན།
གདངས། པདྨ་བསྟན་འཛིན།
ལེན་མཁན། པདྨ་བསྟན་འཛིན།
སློབ་ཁང་གྲུ་བཞིའི་ནག་པང་སྟེང་དུ།
ས་སྨྱུག་དཀར་པོའི་འོད་འཚེར་གྱི་འདུག
དེ་ནི་ང་ཡི་ལམ་སྟོན་སྒྲོན་མེ་ཡིན།
བཀའ་དྲིན་ཅན་གྱི་དགེ་བའི་བཤེས་གཉེན་ལགས།
ཁྱེད་ཀྱི་ལྷག་བསམ་ཁ་བའི་གངས་ལས་དཀར་ཞིང་།
ཁྱེད་ཀྱི་ངང་རྒྱུད་སྔོན་མོའི་ཆུ་ལས་རིང་ཞིང་།
ཁྱེད་ཀྱིས་གསུང་བའི་བསླབ་བྱ་རེ་རེ་ནི།
བུ་ངའི་མི་ཚེའི་རིན་ཐང་འཚོལ་བྱེད་ཡིན།
བཀའ་དྲིན་ཆེ། བརྩེ་བའི་བཤེས་གཉེན་ལགས།
བཀའ་དྲིན་ཆེ། བརྩེ་བའི་རྒན་ལགས།
བཀའ་དྲིན་ཆེ། བརྩེ་བའི་བཤེས་གཉེན་ལགས།
ཁྱེད་ནི་མཆོད་མེ་ཡིན། ཁྱེད་ནི་ཡང་ལཱ་ཡིན། ཁྱེད་ནི་ལམ་སྟོན་སྒྲོན་མེ་ཡིན།
བཀའ་དྲིན་ཆེ། བརྩེ་བའི་བཤེས་གཉེན་ལགས།
བཀའ་དྲིན་ཆེ། བརྩེ་བའི་རྒན་ལགས།
བཀའ་དྲིན་ཆེ། བརྩེ་བའི་བཤེས་གཉེན་ལགས།
ཁྱེད་ནི་མཆོད་མེ་ཡིན། ཁྱེད་ནི་ཡང་ལཱ་ཡིན། ཁྱེད་ནི་ལམ་སྟོན་སྒྲོན་མེ་ཡིན།
བུ་ངའི་མི་ཚེའི་ལམ་བུའི་སྟེང་དུ།
ལམ་སྟོན་གནང་མཁན་དྲིན་ཆེན་མང་པོ་མཇལ་བྱུང་།
ཁྱེད་རྣམས་བུ་ངའི་མི་ཚེའི་འོད་ཟེར་ཡིན།
བཀའ་དྲིན་ཅན་གྱི་དགེ་བའི་བཤེས་གཉེན་ལགས།
ཁྱེད་ཀྱི་ཤེས་རྒྱ་མཐའ་ཡས་རྒྱ་མཚོ་ནང་བཞིན།
ཁྱེད་ཀྱི་བློ་རྒྱ་ཨ་སྔོན་ནམ་མཁའ་ནང་བཞིན།
ཁྱེད་ཀྱིས་གསུང་བའི་བསླབ་བྱ་རེ་རེ་ནི།
བུ་ངའི་མི་ཚེའི་རིན་ཐང་འཚོལ་བྱེད་ཡིན།
བཀའ་དྲིན་ཆེ། བརྩེ་བའི་བཤེས་གཉེན་ལགས།
བཀའ་དྲིན་ཆེ། བརྩེ་བའི་རྒན་ལགས།
བཀའ་དྲིན་ཆེ། བརྩེ་བའི་བཤེས་གཉེན་ལགས།
ཁྱེད་ནི་མཆོད་མེ་ཡིན། ཁྱེད་ནི་ཡང་ལཱ་ཡིན། ཁྱེད་ནི་ལམ་སྟོན་སྒྲོན་མེ་ཡིན།
བཀའ་དྲིན་ཆེ། བརྩེ་བའི་བཤེས་གཉེན་ལགས།
བཀའ་དྲིན་ཆེ། བརྩེ་བའི་རྒན་ལགས།
བཀའ་དྲིན་ཆེ། བརྩེ་བའི་བཤེས་གཉེན་ལགས།
ཁྱེད་ནི་མཆོད་མེ་ཡིན། ཁྱེད་ནི་ཡང་ལཱ་ཡིན། ཁྱེད་ནི་ལམ་སྟོན་སྒྲོན་མེ་ཡིན།
ང་ཡི་སེམས་ནས་བརྩེ་བའི།
ང་ཡི་སེམས་ནས་བརྩེ་བའི།
ང་ཡི་སེམས་ནས་གུས་པའི།
ང་ཡི་སེམས་ནས་དད་པའི།
མི་དམངས་ཀྱི་དགེ་བའི་བཤེས་གཉེན་ལགས།
(這首《指明燈》初寫於2013年父親退休那年,今年母親也如期退休,現把這首歌完整做出來送給一生為藏區基層教育事業默默奉獻的我的兩位平凡而偉大的爸媽,同時送給所有人生道路上像指明燈一樣照亮我們前進的老師、大師、恩師們!給您們送上最真誠的節日問候!)
更多>

喜歡【白瑪旦增】您也可能喜歡TA們的歌詞…

更多>

最新歌詞