破碎的情歌詞

添加日期:2024-02-05 時長:03分47秒 歌手:拉珍

作詞 : 拉巴扎西
作曲 : 拉巴扎西
ཚིག ལྷག་པ་བཀྲ་ཤིས།
གདངས། ལྷག་པ་བཀྲ་ཤིས།
འགྲེམས་སྤེལ། ལྷག་པ་བཀྲ་ཤིས།
བརྩེ་དུང་འདི་ནི་རྨ་ཁར་གྱུར་སོང་།
བསུབ་ཐབས་མི་འདུག
སྔོན་མ་ཁྱེད་ཀྱི་བཞག་པའི་དམ་བཅའ།
ད་ཆ་མེད་པར་གྱུར་སོང་།
ང་སེམས་རྨ་ཁ་ག་ཚོད་ཆེ་ཡང་།
ཁྱེད་ཀྱི་སེམས་གསོ་གཏོང་མ་མྱོང་།
ད་གལ་ཡོད་མ་རེད་ཁྱེད་རང་ངའི་སེམས་ནས།
ག་ལེར་བརྗེད་ཆོག
རྒྱུ་མཚན་ག་རེ་ཡིན་ནམ།
ཁྱེད་ངའི་ལག་པ་གློད་དོན་གང་ཡིན།
ཁྱེད་དེ་འདྲ་འགྱུར་དགོས་དོན་གང་ཡིན།
ང་ལ་བསམ་ཤེས་མེད་པ་གང་ཡིན།
ཤེལ་སྒོར་ལྟས་ནས་མིག་ཆུ་བཏང་།
ངས་སེམས་སྡུག་བྱེད་པ་སུ་ཡིས་ཤེས།
དེ་ལས་མིག་ཆུ་ཕར་ཕྱིས་ནས།
ཡོད་ཚད་བརྗེད་ན་དགའ།
ལམ་མདོ་དེ་ནས་ང་གཉིས་བྲལ་སོང་།
སྙིང་་རྗེ་མེད་པར་ང་བཞག་སོང་།
མཉམ་དུ་བསྡད་པའི་དུས་ཡུན་ལོ་བརྒྱད།
ད་ཆ་ཁྱེད་ཀྱི་སྣང་མེད་བཏང་སོང་།
ང་སེམས་རྨ་ཁ་ག་ཚོད་ཆེ་ཡང་།
ཁྱེད་ཀྱི་སེམས་གསོ་གཏོང་མ་མྱོང་།
ང་བློས་གཏོང་བྱེད་པ་ཁྱེད་ཀྱི་ནོར་འཁྲུལ་རེད།
གནོང་འགྱོད་གང་ཡང་མེད།
ད་ཚང་མ་མེད་པར་གྱུར་སོང་།
ཡིན་ཡང་ཁྱེད་ཀྱི་ལག་པ་གློད་འདོད་མི་འདུག
བརྩེ་དུང་དེས་ང་མགོ་འཐོམས་སུ་འཇུག་གི
ཁྱེད་ལ་རང་དབང་མི་སྤྲོད་ཀ་མེད་ཐུག་སོང་།
དེ་སྔོན་གནས་ཚུལ་སེམས་ནང་དྲན་དུས།
སྔར་སོང་བརྩེ་དུང་བརྗེད་ཐབས་མི་འདུག
འོན་ཀྱང་ཁྱེད་རང་སེམས་ཐག་བཅད་ཟིན་པས།
ང་ལ་ཐབས་ཤེས་གང་ཡོད།
དེ་སྔོན་གནས་ཚུལ་སེམས་ནང་དྲན་དུས།
སྔར་སོང་བརྩེ་དུང་བརྗེད་ཐབས་མི་འདུག
འོན་ཀྱང་ཁྱེད་རང་སེམས་ཐག་བཅད་ཟིན་པས།
ང་ལ་ཐབས་ཤེས་གང་ཡོད།
འོན་ཀྱང་ཁྱེད་རང་སེམས་ཐག་བཅད་ཟིན་པས།
ང་ལ་ཐབས་ཤེས་གང་ཡོད།
更多>

喜歡【拉珍】您也可能喜歡TA們的歌詞…

更多>

最新歌詞