納木措聖水歌詞

添加日期:2024-01-30 時長:03分56秒 歌手:索當珠

作曲 : 索當珠
編曲 : 索當珠
མཐོ་སྒང་གི་དགུང་ནས་བབས་པའི་སྤྲིན་དཀར་གྱི་ཉིང་ཁུ་དེ། །
མེ་ཏོག་གི་རྩི་བཅུད་ཕབ་པའི་ཞིམ་མངར་གྱི་བདུད་རྩི་དེ། །
ལུས་ཟུངས་ཀྱི་ཁམས་ལ་འཕྲོད་པའི་རང་བྱུང་གི་སྨན་ཆུ་སྟེ། །
ཐང་ལྷ་ཡི་པང་ནས་འཁྲུངས་པའི་གནམ་མཚོ་ཡི་ལྷ་ཆུ་རེད། །
ཨ་ལ་ཡེ་་་་་་་་་་་་
མཛའ་མཐུན་གྱི་གྲོགས་པོ།
དྲི་མེད་ཀྱི་ལྷ་ཆབ་འདི་བཞེས་དང་།
ཁྱེད་ལ་བདེ་ཐང་གི་གསོན་ཉམས་ཤིག་དང་།
བག་ཡངས་ཀྱི་ངལ་གསོ་ཞིག་ཡོང་ངེས།
གངས་རི་ཡི་ཐོད་ལ་བརྩེགས་པའི་ཁ་བ་ཡི་འདབ་མ་དེ། །
རྫ་རི་ཡི་ཁོག་ནས་བཞུར་བའི་དྭངས་བསིལ་གྱི་གཏེར་ཆུ་དེ། །
སྐོམ་ཚད་ཀྱི་སྡུག་བསྔལ་འཇོམ་པའི་མི་ཡུལ་གྱི་བདུད་རྩི་སྟེ། །
དྭངས་གཙང་གི་གནས་ནས་ཐོན་པའི་གནམ་མཚོ་ཡི་ལྷ་ཆུ་རེད།
ཨ་ལ་ཡེ་་་་་་་་་་་་
ཐག་རིང་གི་མགྲོན་པོ།
དྲི་མེད་ཀྱི་ལྷ་ཆབ་འདི་བཞེས་དང་།
ཁྱེད་ལ་དྭངས་གཙང་གི་བསུ་མ་ཞིག་དང་།
ལྷད་མེད་ཀྱི་སྨོན་ལམ་ཞིག་མཚོན་ཡོད།
更多>

喜歡【索當珠】您也可能喜歡TA們的歌詞…

更多>

最新歌詞