逝去的愛「伴奏」歌詞

添加日期:2023-10-22 時長:03分30秒 歌手:拉巴扎西

作詞 : 拉巴扎西
作曲 : 拉巴扎西
༄སྔར་སོང་གི་བརྩེ་དུང།
ཚིག། ལྷག་པ་བཀྲ་ཤིས།
གདངས། ལྷག་པ་བཀྲ་ཤིས།
ལེན་མཁན། ལྷག་པ་བཀྲ་ཤིས།
ང་ཡི་སེམས་པའི་ནང་དུ།
བུ་མོ་ཁྱེད་རང་ལས་མེད།
ཁྱེད་ཀྱི་ཤེས་ཀྱི་མ་རེད།
ངས་ཁྱེད་ལ་བཅངས་པའི་བརྩེ་དུང་།
ཉིན་མཚན་མེད་པར་ཁྱེད་རང་དྲན།
དྲན་གདུང་གི་མིག་ཆུ་ལྷུང་ལྷུང་དུ་ཤོར།
ལན་གཅིག་ང་ལ་གསན་རོགས་གནང་།
བུ་ང་ཡི་གཞས་འདི་གསན་རོགས་གནང་།
དེ་སྔོན་གྱི་གནས་ཚུལ་འདི་ཚོ།
ཡིད་ལ་འཁོར་དུས་སེམས་རེ་སྐྱོ་བྱུང་།
སྔར་སོང་ང་གཉིས་བརྩེ་བ།
འཇའ་ཚོན་བཞིན་དུ་ག་ལེར་ཡལ་སོང་།
ཁོང་གི་ཁྱེད་ཀྱི་ཕྱག་ནས་བཟུང་དུས།
ང་རང་གཅིག་པོར་གཞས་འདི་ལེན།
ཁྱེད་གཉིས་མི་ཚེ་མཐའ་འཁྱོལ་ཡོང་བའི།
སྨོན་ལམ་བུ་ངས་སྙིང་ནས་འདེབས།
བུ་ངས་དགའ་བའི་བུ་མོ་འདིས།
ད་ཆ་གཞན་དང་ལག་གདང་འབྲེལ་ནས་སོང་།
དེ་སྔོན་ཁྱེད་ཀྱི་བཞགས་པའི་དམ་བཅའ་འདི།
ད་ཆ་ལྦུ་བ་བཞིན་དུ་ཡལ་ནས་སོང་།
བུ་ངའི་དགའ་བའི་བུ་མོ་འདིས།
ང་ཡི་སེམས་ལ་ཕོག་ཐུག་བཏང་བྱུང་།
ལས་དབང་རྐྱེན་གྱིས་བྲལ་དགོས་བྱུང་ཡང་།
ཁྱེད་རང་དུས་རྟག་ཏུ་ངའི་སེམས་ནང་ཡོད།
བུ་ངས་དགའ་བའི་བུ་མོ་འདིས།
ད་ཆ་གཞན་དང་ལག་གདང་འབྲེལ་ནས་སོང་།
དེ་སྔོན་ཁྱེད་ཀྱི་བཞགས་པའི་དམ་བཅའ་འདི།
ད་ཆ་ལྦུ་བ་བཞིན་དུ་ཡལ་ནས་སོང་།
བུ་ངའི་དགའ་བའི་བུ་མོ་འདིས།
ང་ཡི་སེམས་ལ་ཕོག་ཐུག་བཏང་བྱུང་།
ལས་དབང་རྐྱེན་གྱིས་བྲལ་དགོས་བྱུང་ཡང་།
ཁྱེད་རང་དུས་རྟག་ཏུ་ངའི་སེམས་ནང་ཡོད།
更多>

喜歡【拉巴扎西】您也可能喜歡TA們的歌詞…

更多>

最新歌詞