女神歌詞

添加日期:2023-09-16 時長:02分45秒 歌手:拉薩小拉

作詞 : 拉薩小拉/TSYFT
作曲 : 拉薩小拉
ལྷ་མོ།
編錄混:央熱瓦音樂工作室
ངའི་女神ལྟ་བ་མཐོ་པོ་རྒྱ་བོ་འདུག
ང་ལ་ནི་མིག་བལྟ་ཡི་མི་འདུག
མོ་རང་ག་དུས་མཐོང་ནའི་ངའི་སྙིང་གཡུག་ཡས་མང་དྲགས་རིལ་གྲབས་བྱེད་ཀྱི་འདུག
མོ་རང་མཐོང་དུས་རྐང་བཙུགས་ནས་དབྱིངས་སྟོན།
མར་བརྡབས་ནའི་བརྣག་པོ་བྱས་ལངས།
ན་ཚ་བཏང་ནའི་སྡུག་རུས་བྱས་བསྡད།
ཕོ་ཁྱོ་གའི་དབྱིངས་ཅི་ཡང་མེད།
འཛིན་གྲྭའི་ནང་ནས་སློབ་ཚན་མ་ཉན།
女神རྒྱབ་ལ་འཐོམས་བྱས་བསྡད་བསྡད།
རྒན་ལགས་ཀྱིས་ཡརབསླངས་འདྲི་བ་དྲིས།
ངས་ལན་མི་བྱེད་གོ་ལོག་བརྒྱབ་བསྡད།
སློབ་གྲོགས་ཚང་མ་ཧོབ་སྟེ་གད་མོ་ཤོར།
རྒན་ལགས་སྐུ་རླུང་བཞེངས་ཡང་ལས་རྒྱབ་ལ་བསླངས།
ཡིན་ནའི་ངའི་སེམས་སྐྱིད་པོ་རྒྱ་བོ་འདུག
ངའི་女神ང་ལ་བལྟས་ནས་གད་མོ་བགད་སོང་།
ངའི་女神རང་གི་རྒྱབ་ལ་གཅིག་སྨྱོ་བཞག
བུ་小拉རྦད་དེ་ཁོ་ར་སྨྱོ་ཚར་བཞག
ངའི་女神སྙིང་རྗེ་ལོས་ལ་དཔེ་རེད་བཞག
རང་དྲན་དུས་ཁ་ལག་དག་བརྗེད་འགྲོ་གིས།
ཧ་གོ་ཡི་མི་འདུག
དེ་འདྲ་ག་འདྲས་རེད།
གོམ་པ་ཡར་བརྒྱབ་ཕྱི་ལྟས་མར་སློག
ཏོག་ཙམ་མ་གཏོགས་བརྡབ་གྲབས་བྱས་བྱུང་།
ངའི་女神མདུན་ལ་སླེབས་དུས།
སྙིང་གིས་ལྟག་པར་撲通撲通
ཨ་ཡེ་小拉བློ་ཁོག་ག་ཚོད་ཡོད་ནའི།
女神མདུན་ལ་ཞི་མིའི་བཟོ་འདྲ་ཆགས།
སེམས་པ་སྐྱིད་པོ་ཡོད་ནའི་མེད་ནའི།
རང་ངའི་ཁྲིད་ལ་ཡོད་ན་འགྲིག་བཞག
ངའི་女神སློབ་སྦྱོང་ཡག་པོ་རྒྱ་བོ་ཡོད་རེད།
ང་ནི་འཛིན་གྲྭའི་ནང་གི་འཚུབ་ཤོས་དེ་ཡིན།
དབྱིན་ཇིའི་སློབ་ཚན་ཚོགས་དུས་ང་ནི་སྐྱིད་པོ་རྒྱ་བོ་འདུག
女神སྐྲ་ལ་རྩེ་མོ་རྩེད་ཡས་རག་གི་རེད།
མིག་བལྟ་དུས་སྙིང་རྗེ་མི་རྒྱ་བོ་འདུག
ཁྲིད་ལ་ཡོང་དུས་དྲི་མ་ཞིམ་པོ་རྒྱ་བོ་འདུག
སྐད་ཆ་བཤད་དུས་གཤིས་ཀ་འཇམ་པོ་རྒྱ་བོ་འདུག
ངའི་女神ལྷ་མོའི་བཟོ་འདྲ་འདུག
ངའི་女神རང་གསར་འགྱུར་ཤོད་མཁན་ཡིན་ནམ།
བུ་小拉རྦད་དེ་ཁོ་ར་ཁུག་ཚར་བཞག
ངའི་女神རང་པོ་ཊའ་བྱུག་མཁན་ཡིན་པས།
རང་གཅིག་མཐོང་དུས་གཅིག་ཀྱང་བརྗེད་ཐུབ་ཀྱི་མི་འདུག
དེ་འདྲ་ག་རེ་རེད།
ངའི་女神རང་གི་རྒྱབ་ལ་གཅིག་སྨྱོ་བཞག
བུ་小拉རྦད་དེ་ཁོ་ར་སྨྱོ་ཚར་བཞག
ངའི་女神སྙིང་རྗེ་ལོས་ལ་དཔེ་རེད་བཞག
རང་དྲན་དུས་ཁ་ལག་དག་བརྗེད་འགྲོ་གིས།
ཧ་གོ་ཡི་མི་འདུག
更多>

喜歡【拉薩小拉】您也可能喜歡TA們的歌詞…

更多>

最新歌詞

{"vars": {"token": "3ba46da0d4dc9e0a004a4d354cb5d464"},"triggers": {"trackPageview": {"on": "visible","request": "pageview"}}}