天馬行空歌詞

添加日期:2023-03-25 時長:04分03秒 歌手:青龍組合

作詞 : 莫如 西熱道吉
作曲 : 青龍組合
༼སྣང་བ་རང་ཡན་པ༽
天馬行空
ཚིག རྨོག་རུ་ཤེས་རབ་རྡོ་རྗེ།
詞 莫如 西熱道吉
དབྱངས། གཡུ་འབྲུག་ཚན་སྡེབ།
曲 青龍組合
གཞས་པ། གཡུ་འབྲུག་ཚན་སྡེབ།
演唱 青龍組合
གོས་ཀྱི་རི་མོ སེམས་ཀྱི་རི་མོ
衣的圖案 心的紋理
གོས་ཀྱི་རི་མོ སེམས་ཀྱི་རི་མོ
衣的圖案 心的紋理
མེ་ལྕེའི་རུས་པ ཡང་ན་མེ་ལྕེའི་རལ་བ་ལྗང་ཁུ
火焰的骨髓 或者火焰的青色髮髻
སྲོག་རྩ་རུ་ཟུག་པའི་དྲོད་ཀྱི་ཁྲག
將要迸發火熱的激情
རིག་པའི་འོད་དང་གློག་གི་འཁྱུག་གར
智慧的光與閃電的捷姿
འཇའ་ཡི་ལག་པ
彩虹之手
སྤྲིན་པ་སྔོ་ནག་འོག་གི་རླུང་བུ་འཁྱམ་པོ
烏雲下的遊蕩的風
མཚམས་མཚམས་སུ་ཁྱོད་ལ་ཉེ་ཞིང
時而在靠近你
ཡང་སྐབས་ལན་རེར་ང་ལ་ཉེ་བའི་འཇིག་རྟེན་གྱི་སྣང་བ
時而又靠近我這種俗世的幻覺
ཡིག་འབྲུ་ཐང་མར་བརྡལ
把字元晾出來
རྡོ་གཡའ་མ་དང་ཁ་དོག་མང་བའི་ཤོག་བུའི་སྟེང་དུ
在岩石和多彩的紙張上
ངག་གི་འགྱུར་ཁུག་ཡང་ཡང་བརྡར་བའི
不斷迴響的旋律
ཚིག་གི་ཚོགས་པ ཆུ་དང་ཆར་བའི་ཚོགས་པ
是句子匯成的 是雨水匯成的
མིང་མེད་སྐར་ཕྲན་གྱི་ཚོགས་པ
無名星辰的聚集
སྐྱེ་བོ་སུ་ཞིག་གི་ཤེས་རབ་ཀྱི་གྲི་ཁ་ལས་མངོན་དུས
哪位聖人在智慧利劍的刃口崛起
མྱོང་བས་ངོམས་པ་མེད
感知永不滿足
ཐང་ལ་ལྷུང་བའི་ལོ་རྒྱུས་ཀྱི་ལྡེ་མིག
掉落在地上的往事之鑰
མལ་ཁྲིའི་སྟེང་གི་རྨི་ལམ་གྱི་འཕྱོ་ལྡིང
在睡床上的升浮的夢
གོས་ཀྱི་རི་མོ སེམས་ཀྱི་རི་མོ
衣的圖案 心的紋理
རོལ་དབྱངས་ཀྱི་ཁུག་ཏུ་བསྙལ་བའི་ཨ་རག
釀在旋律中的美酒
ཡུལ་ཡར་ཀླུང་ཁོག་གི་ང་རོ་རིང་མོ
雅礱穀地的一聲長嘯
མཚན་མོའི་ཤ་དང་རུས་པ
黑夜的骨與肉
ཟླ་འོད་ཀྱི་སྐྱོ་བའི་འོ་ཟི
月亮悲傷微弱的光
མཐིང་སྨུག་སྦྲ་ལས་འཁྲུངས་པའི་ཨག་སྐད
從黑帳篷里發出的呼喚
ལང་ཚོའི་སྟག་དང་གཟིག
青春的虎與豹
སྨྱོ་ཧམ་རྒོད་པོའི་བྲག་གཡང་གི་སྟངས་སྟབས
雄鷹盤旋翱翔的姿態
གཤོག་པ་དཀར་པོ་ཆ་གཅིག་ལ་བྲིས་པའི་བརྩེ་འཕྲིན
刻寫在一雙翅膀上的情書
ཁྲུང་ཁྲུང་བཅུ་གསུམ་གྱི་གཤོག་ལྡིང་གི་མཛེས་སྡུག
十三隻白鶴揮著羽翼時的美麗
ཞེ་སྡང་གི་ལྗོན་རྩེ་ནས་འཐོར་བའི་ལོ་མ
仇怨的枝頭髮芽的**
བརྩེ་དུང་གི་ཆུ་མོར་འཁྱུགས་པའི་གསེར་ཉྭ
情愛的湖中戲游的魚兒
ཡིད་ལ་འཛིན་རྒྱུ་ཞིག་ཡོད་ཡོད་འདྲ་བའི་འཁྲུལ་སྣང་གི་གཟུགས་རིས
總覺得能銘記於心的幻覺魅影
མེད་པར་སྙམ་ཡང་མིག་གིས་ཟིན་སྙམ་སྟོན་པའི་སྒྲ་དབྱངས
當作虛無又能盡收眼底的旋律
མི་ཡི་སྙན་ཚིག
神的詩歌
ལྷ་ཡི་སྙན་ཚིག
更多>

喜歡【青龍組合】您也可能喜歡TA們的歌詞…

更多>

最新歌詞