故鄉歌詞

添加日期:2023-03-23 時長:05分18秒 歌手:桑傑才讓

作詞 : 群桑
作曲 : 桑傑才讓
རི་ཚོགས་དང་གཙང་བོའི་ངོགས་ན་བཞད་པའི།
ཆུ་རྡུལ་དང་ཉི་ཟེར་གྱི་གཡང་གིས་སྲུང་བའི།
ང་ཡི་སེམས་ནང་གི་ཕ་ས་གོར་མོ་ཁྱོད།
ཨ་་་་ཐོག་མའི་གྱེས་ཕྱག་འབུལ་ས་ཡིན།
འཚོལ་སྙེག་གི་ལོ་དང་ཟླ་བ་དེད་དེ།
མི་ཚོགས་ཀྱི་རབ་ཁ་བརྩོན་པས་བརྒལ་བའི་ཚེ།
ཁྱེད་ནི་ངའི་སེམས་ཤུགས་བསྐྱེད་པའི་དཔའ་ཆངས་ལགས།
ཨ་་་རྒྱལ་ཁའི་དུས་ལ་ངས་ཁྱེད་རང་དྲན་གི་ཡོད།
ཨོ་་་ཧོ་་་
ཨོ་་་་་ཧོ་་་དྲན་པ་འདི་རྡོ་རྗེ་ཡིན།
ཨོ་་་ཧོ་་་་་་རྡོ་རྗེ་མདུད་པ་ཡིན།
ཁ་བ་དང་མེ་ཏོག་གི་གསེབ་ན་འཚེར་བའི།
རླུང་བུ་དང་དྲི་ངད་ཀྱི་དཔལ་ལ་འཁྱིད་པའི།
ང་ཡི་སེམས་ནང་གི་མ་ས་དྲོན་མོ་ཁྱོད།
ཨ་་ འཐའ་མའི་མཇལ་འཛོམས་གནང་ས་ཡིན།
རེ་སྨོན་གྱི་ལ་དང་ལུང་བ་བརྒལ་ཏེ།
འཚོ་བ་ཡི་ཁུག་པ་ལང་ཚོས་བརྟོལ་བའི་ཚེ།
ཁྱེད་ནི་ངའི་དྲན་པ་གསོ་བའི་བདུད་རྩི་ལགས།
ཨ་་་འབྲལ་བའི་དུས་ལ་ངས་ཁྱེད་རང་དྲན་གི་་ཡོད།
ཨོ་་་་་ཧོ་་་་དྲན་པ་འདི་རྡོ་རྗེ་ཡིན།
ཨོ་་་་ཧོ་་་་་་ཨོ་་་་་་་ཧོ་་་་་་རྡོ་རྗེ་མདུད་པ་ཡིན།
更多>

喜歡【桑傑才讓】您也可能喜歡TA們的歌詞…

更多>

最新歌詞