吶若倉歌詞
添加日期:2018-06-23 時長:02分56秒 歌手:彭洛
༈ ན་རོའི་ཁྱིམ།
吶若倉
གཞས་ཚིག གཙང་ཞོགས་སྤྲིན། ཀུན་ཁོ།
詞:曲央嘉措、更科
གཞས་གདངས། ཕུན་ལོ།
曲:彭洛
གཞས་པ། ཕུན་ལོ།
演唱 彭洛
གངས་ཀྱི་རྣམ་ཤེས་མ་བོར་བའི་སེང་གེ་དཀར་མོ།
ཁ་བའི་སྲོག་རྩ་མ་དོར་བའི་གཡུ་རལ་སྔོན་མོ།
དབྱངས་གསལ་སོ་བཞིའི་ང་རོ་སྒྲོག་མཁན།
སྐད་དང་ཡི་གེའི་ལང་ཚོ་ངོམ་མཁན།
ན་རོའི་ཁྱིམ།
ང་ཡི་ན་རོའི་ཁྱིམ།
ཁྱེད་ཀྱི་ན་རོའི་ཁྱིམ།
ང་ཚོ་ཐུན་མོང་ལ་དབང་བའི་གཞིས་ཁྱིམ་དྲོན་མོ།
ཀ་ཁ་ག་ང ཁྱེད་ཀྱི་ཚིག
ཅ་ཆ་ཇ་ཉ ཁྱེད་ཀྱི་དབྱངས
ཏ་ཐ་ད་ན ཁྱེད་ཀྱི་མགོན
པ་ཕ་བ་མ ཁྱེད་ཀྱི་ནོར
ཙ་ཚ་ཛ་ཝ ཁྱེད་ཀྱི་གཏེར
ཞ་ཟ་འ་ཡ ཁྱེད་ཀྱི་བླ
ར་ལ་ཤ་ས ཁྱེད་ཀྱི་རྐང
ཧ་ཨ་དབྱངས་བཞི ཁྱེད་ཀྱི་སྲོག
ན་རོའི་ཁྱིམ། ང་ཡི་ན་རོའི་ཁྱིམ། ཁྱེད་ཀྱི་ན་རོའི་ཁྱིམ། ང་ཚོ་ལ་དབང་བའི་ཚེ་སྲོག་གསོན་པོ།
གསལ་བྱེད་ཀྱི་སྙན་ཚིག
དབྱངས་ཡིག་གི་འགྱུར་ཁུགས
མེས་པོའི་བླ་སྲོག
ང་ཡི་ན་རོའི་ཁྱིམ། ཁྱེད་ཀྱི་ན་རོའི་ཁྱིམ།
ང་ཚོ་ཐུན་མོང་ལ་དབང་བའི་གཞིས་ཁྱིམ་དྲོན་མོ།
རིག་པའི་མཁའ་ལམ་མ་བོར་བའི་ལྷ་བྱ་དཀར་མོ།
ཤེས་བྱའི་བརྩོན་པ་མ་དོར་བའི་གཤོག་རྩལ་རྒོད་པོ།
མེས་པོ་གོང་མའི་རྣམ་ཤེས་སྐྱོང་མཁན།
བུ