MOM歌詞

添加日期:2024-02-01 時長:03分08秒 歌手:丁增旺索DIG

作詞 : 丁增旺索DIG
作曲 : 丁增旺索DIG
作詞:丁增旺索
作曲:丁增旺索
錄混:音魂傳媒
hook
ང་ལ་ཆུང་ནས་གཉོར་སྐྱོང་བྱེད་པའི་སྙིང་གི་དྲིན་ཆེན་ཨ་མ།།
ཁྲ་ཁྲའི་འཇིག་རྟེན་ཟིང་ཟིང་འདི་ནས་ཁྱེད་རང་ང་དང་བྲལ་སོང་།།
བུ་ངས་དྲིན་ལན་འཇལ་རྒྱུ་བསམ་དུས་ལས་ཀྱི་སྐལ་བ་མེད་པས།།
མ་ཎི་ཡིག་དྲུག་ཁ་ནས་འདོན་བཞིན་མྱིག་ཆུ་དུ་མ་བཞུར་སོང་།།
དྲན་པའི་མིག་ཆུ་ཐེངས་རེ་ཐེངས་རེ་གདོང་ནས་མར་ལ་བཞུར་བ།།
དྲིན་ཆེན་ཨ་མ་ཕྱི་མ་ཡིན་ཀྱང་སྐྱིད་པའི་སྨོན་ལམ་འདེབས་ངེས།།
Verse 1 :
བྱིས་དུས་ང་སྐྱིད་མྱོང་།
དེ་ནི་ཨ་མས་གཅེས་གཉོར་བྱས་པའི་རྟགས་ཡིན།།
བྱིས་དུས་ང་དགའ་མྱོང་།
དེ་ནི་ཨ་མའི་དྲོད་ཁོལ་ཡོད་པའི་དུས་ཡིན།།
མི་ཡུལ་ཀྱི་འཇིག་རྟེན་འདིར་ངའི་ངུ་སྐད་ཐོག་མ་གྲག་པ་ནས།།
ཨ་མས་ཡར་པང་སྟེ།།
གཅེས་ཕྲུག་མ་ངུ་མ་ངུ་ཨ་མའི་དམར་ལོ་ཟེར།།
ཨ་མས་མཚན་མོའི་སྨག་ནག་གི་གཉིད་བཅགས་ཏེ།
ང་ངུ་ཁ་སད་ནས་གོམ་པ་གཅིག་རེ་གཉིས་རེ་གསུམ་རེ་བཞི་སྤོས།།
ཨ་མས་ང་ལ་གནའ་གཏམ་དང་བྱིས་སྒྲུང་བཤད་ནས།།
ཁྱོད་རང་ནར་སོན་དུས་མི་བུ་སྒལ་ཚིགས་ཅན་ཞིག་བཅའ་དགོས་ཟེར།།
ཨ་མ་ལགས་ཁྱོད་ནི་བུ་ངའི་རྣམ་ཤེས་གསེར་གྱི་སྦྲུམ་བུ་བརྩལ་མཁན་གྱི་ཡུམ་ཆེན་ཡིན།།
ཁྱེད་ནི་བུ་ངའི་རུས་པའི་རྐང་ལ་ཐུམ་པའི་འགྱུར་ཁུག་ཡིན།།
བུ་ངའི་སྙིང་སྟོབས་དང་སྤོབས་པ་ཡིན།།
ཨ་མའི་འཛུམ་མིག་ལ་འཕྲུལ་མྱོང་།།
སྙིང་རྗེ་བའི་དྲིན་ཆེན་ཨ་མ།།
བུ་ཆུང་ངའི་དྲན་གདུང་ཁྱོད་ཡིན།།
བྱམས་བརྩེ་ཡི་བདག་མོ་ཁྱོད་ཡིན།།
Verse 2 :
ཨ་མ་ལགས་ཁྱོད་ནི་ང་ཡི་ཚེ་སྲོག་སྦྱིན་པའི་བདག་པོ་ཡིན་ལ།།
བདག་ལ་ཀྱང་སྨག་རུམ་ཁྲོད་ནས་ལམ་སྣེ་བཙལ་བའི་མི་ཞིག་ཡིན།
ཨ་མ་ལགས་ཁྱེད་ནི་བུ་ངའི་བཀའ་དྲིན་ཆེ་བའི་དྲིན་ཆེན་ཀྱི་བདག་མོ་ཡིན།
བདག་ལ་བསོད་ནམ་ཅན་གྱིས་བོད་ཕྲུག་གི་གཞིས་ཁྱིམ་གནང་བའི་མ་ཡུམ་ཡིན།
ཨ་མ་ལགས་ཁྱེད་ནི་ང་ལ་མི་ལུས་ཀྱི་ཟུང་ཁྲག་བྱིན་པའི་ལྷ་མོ་དེ་ཡིན་ཀྱང་།
བུ་ལ་ཀྱང་ཀྱག་ཀྱོག་གི་ལམ་བུ་དེ་ནས་སྙིང་སྟོབས་བྱིན་པའི་ཡུམ་ཡིན།
ཨ་མ་ལགས།
ད་ནི་གཞིས་ཁྱིམ་ཀྱི་གོ་ཁ་ན་ཁྱོད་མེད་པས་སྐྱོ་སོང་།།
ཁྱོད་མེད་པས་སྡུག་སོང་།
འཇིག་རྟེན་ན་རླབས་ཆེ་བའི་མི་ཞིག་ཡོད་པ་དེ་ངའི་ཨ་མ།།
བྱམས་བརྩེ་བའི་མི་ཞིག་ཡོད་པ་དེ་ངའི་ཨ་མ།།
སྟོབས་ཆེ་བའི་མི་ཞིག་ཡོད་པ་དེ་ངའི་ཨ་མ།།
ཡ་ངལ་བའི་མི་ཞིག་ཡོད་པ་དེ་ངའི་ཨ་མ།།
ང་ལ་ཆུང་ནས་གཉོར་སྐྱོང་བྱེད་པའི་སྙིང་གི་དྲིན་ཆེན་ཨ་མ།།
ཁྲ་ཁྲའི་འཇིག་རྟེན་ཟིང་ཟིང་འདི་ནས་ཁྱེད་རང་ང་དང་བྲལ་སོང་།།
བུ་ལ་དྲིན་ལན་འཇལ་རྒྱུ་ཡིན་པའི་ལས་ཀྱི་སྐལ་བ་མེད་པས།།
མ་ཎི་ཡིག་དྲུག་ཁ་ནས་འདོན་བཞིན་མྱིག་ཆུ་དུ་མ་བཞུར་སོང་།།
དྲན་པའི་མིག་ཆུ་ཐེངས་རེ་ཐེངས་རེ་གདོང་ནས་མར་ལ་བཞུར་བ།།
དྲིན་ཆེན་ཨ་མ་ཕྱི་མ་ཡིན་ཀྱང་སྐྱིད་པའི་སྨོན་ལམ་འདེབས་ངེས།།
更多>

喜歡【丁增旺索DIG】您也可能喜歡TA們的歌詞…

更多>

最新歌詞