感恩歌詞
添加日期:2024-01-09 時長:06分24秒 歌手:亞丁·根呷
作詞 : 周拉加
作曲 : 亞丁·根呷
感恩 དྲིན་སྐུལ།
ཚིག། འབྲུག་ལྷ་རྒྱལ།
詞: 周拉加
དབྱངས། ཡ་དེང་ཀུན་དགའ།
曲: 亞丁·根呷
ལེན་མཁན། ཡ་དེང་ཀུན་དགའ།
演唱:亞丁·根呷
རྡེའུ་ཆུང་རྩེད་ར་སྒྲིག་ནས་གཡེང་བའི་དུས།
流連於石子遊戲的時候
བེའུ་ཆུང་ལུ་གུའི་རྗེས་ན་རྩེན་པའི་དུས།
與牛犢羊羔嬉耍的時候
དཔེ་ཁུག་རྒྱབ་ཏུ་ཁུར་ནས་འགྲོ་བའི་དུས།
背著書包去上學的時候
གང་གོན་གང་ཡག་ཕ་ལ་རེ་བས་ཆོག
好看的衣服向阿爸要
གང་ཟ་གང་ཞིམ་མ་ལ་བསླང་བས་ཆོག
好吃的食物向阿媽要。
ཕ་ལོ་མ་ལོས་སེམས་ཀྱིས་གཉོར་ནས་ཡོད།
你是否還會想起
སྐྱིད་སྐྱིད་བྱིས་པའི་དུས་འདི་ཨེ་དྲན་གི
阿爸阿媽用心呵護的快樂童年
འདི་ཡི་རྒྱབ་ན་ཅི་ཡོད་བསམ་གྱིན་སྡོད།
快樂的背後是什麼
ཨ་ཕའི་གཉིད་ཐེབས་བཅག་པའི་གླལ་མོ་ཡོད།
是阿爸不眠之夜的睏倦
ཨ་མའི་ཟས་ཐུན་བརྗེད་པའི་ལྟོགས་སྐོམ་ཡོད།
是阿媽廢寢忘食的饑渴
ཁ་ཡ་ན་ཟླའི་ཁྲོད་ན་དགོད་པའི་དུས།
與夥伴玩鬧歡笑的時候
འདོ་རིག་རྟ་ཕོའི་གོང་ན་འགྱིང་བའི་དུས།
騎著馬歡騰飛馳的時候
སློབ་ཆེན་སྒོ་ཐེམ་རྡོག་པས་གནོན་པའི་དུས།
被大學的包袱壓彎腰的時候
གང་འདོད་གང་དྲན་ཕ་ལ་ཞུས་པས་ཆོག
想要的一切向阿爸要
གང་མཁོ་གང་འཛོམས་མ་ལ་བཤད་པས་ཆོག
需要的東西向阿媽要
ཕ་ལོ་མ་ལོས་རྒྱབ་ན་བསྐྱོར་ནས་ཡོད།
你是否還會想起
ཀྲོག་ཀྲོག་གཞོན་པའི་དུས་འདི་ཨེ་དྲན་གི
阿爸阿媽用心呵護的懵懂青春
འདི་ཡི་རྒྱབ་ན་ཅི་ཡོད་བསམ་གྱིན་སྡོད།
安逸的背後是什麼
ཨ་ཕའི་སེན་མགོ་ཁྲག་གིས་བརྫིས་པ་ཡོད།
是阿爸流著血的指尖
ཨ་མའི་སེན་རྟིང་རྣག་གིས་ཟིན་པ་ཡོད།
是阿媽化成膿的指頭
འཁོར་བའི་ཁྱིམ་ཐབས་ནང་ན་འདུར་བའི་དུས།
為家庭四處奔波的時候
བཟའ་ཚང་བུ་ཕྲུག་ཁྲོད་ན་བྲེལ་བའི་དུས།
為兒女各處奔忙的時候
བྱ་བའི་ལས་རྐང་སྟེང་ན་འབད་པའི་དུས།
為事業努力奮鬥的時候
ད་དུང་ཕ་ལོ་ཟེར་བཞིན་རེ་ན་ཆོག
還可以向阿爸開口
ད་དུང་མ་ལོ་ཟེར་བཞིན་བསླང་ན་ཆོག
還可以向阿媽求助
ཕ་ལོ་མ་ལོས་སེམས་ཀྱིས་འཚོས་ནས་ཡོད།
你是否還會想起
བྲེལ་བྲེལ་དར་མའི་དུས་འདི་ཨེ་དྲན་གི
阿爸阿媽呵護的忙碌成年
འདི་ཡི་རྒྱབ་ན་ཅི་ཡོད་བསམ་གྱིན་སྡོད།
安穩的背後是什麼
ཨ་ཕའི་སྐྲ་ལོ་བྱི་བའི་སེམས་ངལ་ཡོད།
是阿爸的白髮蒼蒼
ཨ་མའི་རྒས་གཉེར་བསགས་པའི་ལུས་ངལ་ཡོད།
是阿媽的滿臉皺紋