旦正昂加MIX歌詞

添加日期:2023-12-27 時長:02分22秒 歌手:旦正昂加

སྟོད་རྫ་ལུང་རི་ལུང་ནང་ནས། །
ཤྭ་རི་སྐྱེས་རི་དྭགས་མ་བུ། །
སྐྱིད་ཅི་ཡོད་རྫ་མགོའི་རི་དྭགས།
འདང་ལོས་ཡོད་མ་བུའི་བརྩེ་འདང་། །
སྟོད་རྫ་ལུང་རི་ལུང་ནང་ནས། །
ཤྭ་རི་སྐྱེས་རི་དྭགས་མ་བུ། །
སྐྱིད་ཅི་ཡོད་རྫ་མགོའི་རི་དྭགས།
འདང་ལོས་ཡོད་མ་བུའི་བརྩེ་འདང་། །
རླུང་བསེར་བུ་སྔོན་ནས་གཡུགས་གི །
ཆུ་ཆར་བས་གཞུགས་ནས་དེད་རུང་། །
མ་དྲིན་མོ་ཆེ་ཡི་རྩུབ་རེད། །
སྐྱིད་མེད་རུང་སྐྱོ་བ་སངས་ཀི །
སྐྱིད་མེད་རུང་སྐྱོ་བ་སངས་ཀི །
ཁྱོད་རྔོན་པ་ཞེ་ནག་ཐོན་ནས། །
བདུད་སྲིན་པོའི་རང་གཟུགས་བསྟན་དུས། །
ཐོག་འདྲ་བའི་སྐད་ཞིག་གྲགས་ཀི །
ངའི་མ་ལོའི་སྲོག་ལ་བབས་ཐ། །
ངའི་མིག་ནས་གློག་ཞགས་འཚུབ་ཐ། །
ང་འགྲོ་སའི་རྫ་ཁོག་སྐམ་པོ། །
ང་མ་མེད་དྭ་ཕྲུག་ཁེར་འགྲོ།།
ད་གར་འདིར་འགྲོ་མེད་ཁུ། །
ད་གར་འདིར་འགྲོ་མེད་ཁུ། །
སྟོད་རྫ་ལུང་རི་ལུང་ནང་ནས། །
ཤྭ་རི་སྐྱེས་རི་དྭགས་མ་བུ། །
སྐྱིད་ཅི་ཡོད་རྫ་མགོའི་རི་དྭགས།
འདང་ལོས་ཡོད་མ་བུའི་བརྩེ་འདང་། །
ཁྱོད་སྐྱིད་གི
དགོང་ཕྱི་དྲོའི་གྲིབ་ཆེན་བཀུག་ཐ། །
ཁྱོད་སྐྱིད་གི
ཁྱོད་རྔོན་པའི་བཟའ་ཚང་གང་བོས། །
ཁྱོད་སྐྱིད་གི
ངའི་མ་ལོའི་ཤ་ཁྲག་ཟ་གི །
ཁྱོད་སྐྱིད་གི
ཁྱོད་སྐྱིད་གི་དགོད་སྒྲ་ལྷང་ལྷང་། །
ང་ལྡོམ་ནས་རྫ་སྐེད་ཉུལ་དུས། །
ཤྭ་རི་དྭགས་ཕ་འཛོམས་མ་འཛོམས། །
དྲིན་མ་ལོའི་བསམ་པ་བཟུང་ནས། །
ངས་མིག་ཆུ་ཡུར་ཆུ་བཞུར་བཞུར། །
སང་ནངས་མོའི་ནམ་མཁའ་ལངས་ཐ། །
དགུན་ཁ་བ་བུ་ཡུག་འཚུབ་ཀི །
གན་མ་ར་བུ་རེ་འགྲོ་གི །
ང་མ་མེད་དྭ་ཕྲུག་ཁེར་འགྲོ། །
ཁྱོད་དབང་ཆེན་མགོ་ནག་མྱི་རེད། །
ང་ལས་ངན་དུད་འགྲོ་སྙིང་རྗེ། །
ཁྱོད་དབང་ཆེན་མགོ་ནག་མྱི་རེད། །
ང་ལས་ངན་དུད་འགྲོ་སྙིང་རྗེ། །
ཁྱོད་དབང་ཆེན་མགོ་ནག་མྱི་རེད། །
ང་ལས་ངན་དུད་འགྲོ་སྙིང་རྗེ། །
ཁྱོད་དབང་ཆེན་མགོ་ནག་མྱི་རེད། །
ང་ལས་ངན་དུད་འགྲོ་སྙིང་རྗེ། །
更多>

喜歡【旦正昂加】您也可能喜歡TA們的歌詞…

更多>

最新歌詞