林芝祝福歌詞

添加日期:2023-12-25 時長:03分57秒 歌手:旦巴堅參

作詞 : 扎西旺堆
作曲 : 達瓦多吉
ཉིང་ཁྲིའི་སྨོན་ལམ།
ཚིག རྒན་བཀྲ་ཤིས་དབང་འདུས།
དབྱངས། རྒན་ཟླ་བ་རྡོར་རྗེ།
ལེན་མཁན། བསྟན་པ་རྒྱན་མཚན།
བྲག་གསུམ་མཚོ་ཡི་སྒང་ལ། མཚོ་བཟང་དགོན་པ་བཞེངས་ཡོད།
མཚོ་བཟང་དགོན་པའི་ནང་ལ། གུ་རུ་སྐུ་དྲག་བཞུགས་ཡོད།
བྲག་གསུམ་མཚོ་ཡི་ནང་ལ། ཀླུ་ཡི་བང་མཛོད་ཆག་ལ་ཡོད།
ཀླུ་ཡི་བང་མཛོད་ནང་ལ། རིན་ཆེན་ནོར་བུ་བརྒྱངས་ཡོད།
གནམ་ལྕགས་འབར་བའི་སྒང་ལ། གསེར་གྱི་ཉི་མ་ཤར་ལ་ཡོད།
ཨ་མ་ཀོང་བཅུན་དེ་མོ། ཉི་འོད་ནང་ལ་བཞུགས་ཡོད།
གནམ་ལྕགས་འབར་བའི་རྩེ་ལ། དར་གྱི་རླུང་རྟ་རྒྱབ་ཡོད།
དར་གྱི་རླུང་རྟའི་སྒང་ལ། གསོལ་བ་ལན་གཅིག་བཏབ་ཡོད།
བྲག་གསུམ་མཚོ་མོ་ཡིད་དུ་འོང་པའི་བཀྲ་ཤིས་ཤོག
གནམ་ལྕགས་འབར་བ་བརྗིད་ཉམས་ལྡན་པའི་བཀྲ་ཤིས་ཤོག
ཤུག་པའི་རྒྱལ་པོ་ལོ་འདབ་རྒྱས་པའི་བཀྲ་ཤིས་ཤོག
འཛམ་བུ་གླིང་ལ་ཞི་བདེ་ཡོང་བའི་བཀྲ་ཤིས་ཤོག
ཀོང་པོ་གཡུ་ཡི་ལུང་པར། ཤུག་པའི་རྒྱལ་པོ་བཞུགས་ལ་ཡོད།
ལྷ་ཤིང་ཤུག་པའི་རྒྱལ་པོ། ཚེ་རིང་ཤིང་གི་རྒྱུད་རེད།
ཀོང་པོ་གཡུ་ཡི་ལུང་པར། ཤུག་པའི་རྒྱལ་པོ་བཞུགས་ལ་ཡོད།
ལྷ་ཤིང་ཤུག་པའི་རྒྱལ་པོ། གཡུ་ཡི་མན་དྲལ་འདྲ་བྱུང་།
བུ་ཆུ་བླ་མ་གླིང་ལ། ཟངས་མདོག་དཔལ་རི་ཆགས་ཡོད།
ཟངས་མདོག་དཔལ་རིའི་སྒང་ལ། རྩ་བའི་བླ་མ་བཞུགས་ཡོད།
རྩ་བའི་བླ་མ་མཆོག་ལ། མཇལ་དར་སེར་པོ་ཕུལ་ནས།
འཛམ་བུ་གླིང་ལ་ཞི་བདེ། ཡོང་བའི་གསོལ་བ་སྨོན་ལམ་འདེབས།
བྲག་གསུམ་མཚོ་མོ་ཡིད་དུ་འོང་པའི་བཀྲ་ཤིས་ཤོག
གནམ་ལྕགས་འབར་བ་བརྗིད་ཉམས་ལྡན་པའི་བཀྲ་ཤིས་ཤོག
ཤུག་པའི་རྒྱལ་པོ་ལོ་འདབ་རྒྱས་པའི་བཀྲ་ཤིས་ཤོག
འཛམ་བུ་གླིང་ལ་ཞི་བདེ་ཡོང་བའི་བཀྲ་ཤིས་ཤོག
བྲག་གསུམ་མཚོ་མོ་ཡིད་དུ་འོང་པའི་བཀྲ་ཤིས་ཤོག
གནམ་ལྕགས་འབར་བ་བརྗིད་ཉམས་ལྡན་པའི་བཀྲ་ཤིས་ཤོག
ཤུག་པའི་རྒྱལ་པོ་ལོ་འདབ་རྒྱས་པའི་བཀྲ་ཤིས་ཤོག
འཛམ་བུ་གླིང་ལ་ཞི་བདེ་ཡོང་བའི་བཀྲ་ཤིས་ཤོག
更多>

喜歡【旦巴堅參】您也可能喜歡TA們的歌詞…

更多>

最新歌詞