空蕩的高原歌詞

添加日期:2023-12-17 時長:03分50秒 歌手:尕爾東

作詞 : 嘉華
作曲 : 尕爾東
編曲:阿澤的啊
MEK大馬善鼓堂製作
མུན་ནག་དང་བྲལ་རྗེས
ཞོགས་པ་ནི་སྐྱ་ཐག་གེར
སེམས་པ་ནི་སྟོང་ལྷང་ངེར
ཉི་འོད་རི་རྩེ་ལས་འཕགས་དུས
གློག་འོད་དག་གཟིམས་རྗེས
མིག་ལམ་དུ་ཅི་ཡང་འཁོར
རྨི་ལམ་ནི་ཡང་ཡང་བོར
རྣམ་ཤེས་མུན་ནག་ལ་འབྱར་རྗེས
ས་གཞིར་དྲོད་ཁོལ་རྒྱས་ཤིང
སྐྱེ་དངོས་ཀུན་གྱིས་ཡན་ལག་ཕྱོགས་སུ་ལྷོད་ཀྱིས་བརྐྱངས
རྟག་བརྟན་གྱི་བརྩེ་བ་དེ
སུ་ཞིག་གི་སྙིང་གར་རྡོ་བ་བཞིན་སྲ
རི་ལུང་ངེས་མེད་དུ
ང་ཡིས་འདས་པ་འཚོལ
སྨག་ནག་ངེས་མེད་དུ
ང་ཡིས་འབྱུང་འགྱུར་བྲིས
གློག་འོད་དེ་གཟིམས་རྗེས
མིག་ལམ་དུ་ཅི་ཡང་འཁོར
རྨི་ལམ་ནི་ཡང་ཡང་བོར
རྣམ་ཤེས་མུན་ནག་ལ་འབྱར་རྗེས
ང་རང་ལྷིང་འཇགས་ལ་དགའ་ཞིང
ཉིན་མོས་གཟུགས་རིས་དག་སྐར་འོད་བཞིན་དུ་འཚེར
རྟག་བརྟན་གྱི་བརྩེ་བ་དེ
སུ་ཞིག་གི་སྙིང་གར་རྡོ་བ་བཞིན་སྲ
རི་ལུང་ངེས་མེད་དུ
ང་ཡིས་འདས་པ་འཚོལ
སྨག་ནག་ངེས་མེད་དུ
ང་ཡིས་འབྱུང་འགྱུར་བྲིས
ས་གཞིར་དྲོད་ཁོལ་རྒྱས་ཤིང
སྐྱེ་དངོས་ཀུན་གྱིས་ཡན་ལག་ཕྱོགས་སུ་ལྷོད་ཀྱི་བརྐྱངས
རྟག་བརྟན་གྱི་བརྩེ་བ་དེ
སུ་ཞིག་གི་སྙིང་གར་རྡོ་བ་བཞིན་སྲ
རི་ལུང་ངེས་མེད་དུ
ང་ཡིས་འདས་པ་འཚོལ
སྨག་ནག་ངེས་མེད་དུ
ང་ཡིས་འབྱུང་འགྱུར་བྲིས
ས་གཞིར་དྲོད་ཁོལ་རྒྱས་ཤིང
སྐྱེ་དངོས་ཀུན་གྱིས་ཡན་ལག་ཕྱོགས་སུ་ལྷོད་ཀྱི་བརྐྱངས
རྟག་བརྟན་གྱི་བརྩེ་བ་དེ
སུ་ཞིག་གི་སྙིང་གར་རྡོ་བ་བཞིན་སྲ
རི་ལུང་ངེས་མེད་དུ
ང་ཡིས་འདས་པ་འཚོལ
སྨག་ནག་ངེས་མེད་དུ
ང་ཡིས་འབྱུང་འགྱུར་བྲིས
更多>

喜歡【尕爾東】您也可能喜歡TA們的歌詞…

更多>

最新歌詞