贍養父母的兒女歌詞
添加日期:2023-11-25 時長:03分26秒 歌手:次仁拉姆
作詞 : 民間
作曲 : 班瑪
歌曲原唱 :澤旺拉姆
翻唱者:次仁拉姆
རི་མཐོན་པོའི་ཁ་མདོག་སེར་ནོ་གན། །(當山峰變為黃色時)
དགུན་རྒྱ་སྟག་འདྲ་མོ་ཐོན་རྟགས་རེད། །(如猛虎寒冬已到了)
རྟ་ནོར་ལུག་འཚོ་བའི་ཕྱུགས་བདག་ཚོ། །(放牛羊成群牧童們)
ཕྱུགས་བདའ་སྐོར་མ་བྱེད་འཚོ་དུས་རེད། །(別急趕牛羊應安放)
རྟ་ནོར་ལུག་འཚོ་བའི་ཕྱུགས་བདག་ཚོ། །(放牛羊成群牧童們)
ཕྱུགས་བདའ་སྐོར་མ་བྱེད་འཚོ་དུས་རེད། །,(別急趕牛羊應安放)
ཤིང་སིལ་ཏོག་ལོ་མ་སེར་ནོ་གན། །(當大樹綠葉變黃時)
དགུན་རྒྱ་སྟག་འདྲ་མོ་ཐོན་རྟགས་རེད། །(如猛虎寒冬已到了)
འབྲུ་སྣ་ལྔ་འདེབས་པའི་ཞིང་བདག་ཚོ། །(種五穀雜糧農家主)
ཉིན་རིང་བརྒྱ་མ་གཏོང་བསྡུ་ཚད་རེད། །(別耽擱時間應收割)
འབྲུ་སྣ་ལྔ་འདེབས་པའི་ཞིང་བདག་ཚོ། །(種五穀雜糧農家主)
ཉིན་རིང་བརྒྱ་མ་གཏོང་བསྡུ་ཚད་རེད། །(別耽擱時間應收割)
ཡུལ་ཕ་མའི་སེམས་རྒྱ་ཆུང་ནོ་གན། །(當父母心胸變小時)
མི་རྒས་ནས་ལོ་ཚོད་ལོན་རྟགས་རེད། །(是父母年齡已高危)
དྲིན་ཕ་མ་སྐྱོངས་བའི་བུ་ཕྲུག་ཚོ། །(在父母身旁兒女們)
ཁ་ཚིག་ལོག་མ་རྒྱག་གཉོར་ཚད་རེད། །(別反駁父母應盡孝)
དྲིན་ཕ་མ་སྐྱོང་བའི་བུ་ཕྲུག་ཚོ། །(在父母身旁兒女們)
ཁ་ཚིག་ལོག་མ་རྒྱག་གཉོར་ཚད་རེད། །(別反駁父母應盡孝)