俗話說歌詞
添加日期:2023-09-02 時長:03分13秒 歌手:藏德尖參
作詞 : 藏德尖參
སྲིད་པའི་གཏམ།
俗話說
བསམ་པའི་དོན་འགྲུབ། གཙང་སྡེ་རྒྱལ་མཚན།
作詞:三佰東主 藏德尖參
བསམ་པའི་དོན་འགྲུབ།
作曲:三佰東主
གཙང་སྡེ་རྒྱལ་མཚན།
演唱:藏德尖參
རོལ་མོ་སྒྲིག་བཟོ་མཁན། བཀྲ་རྡོར།
編曲/後期:扎多
སྒྲ་ཕབ། གཡང་རོང་ཨ་དོན།
錄音:央容阿東
སྒྲོལ་མ་སྐྱིད།
女聲:卓瑪吉
Hook
ག་ཡང་མ་འགྲུབ་འདི་ཡང་མི་ཤེས་བར་མ་བར་གྱི་མི།
一事無成的平凡人
འདིར་ཡང་མ་ཐོན་ག་ཡང་མ་རིག་བར་མ་བར་ནས་ཤོར།
毫無見解的浪費人生
དེ་རིང་ཡོད་ལ་སང་ཉིན་མེད་པའི་བར་མ་བར་གྱི་མི།
漂浮不定的平凡人
དེ་རིང་འདི་གར་བར་མ་བར་ནས་གཏམ་ཞིག་བཤད་ན་འདོད།
今日想說句平凡的話
VERSE.1
ཡ་ཁོ་རེ། 呀 他!
ས་ནག་ཐང་ལ་ལམ་ཞིག་ཡོད།
平凡的道路
ཁ་བ་ཅན་ལ་དཔེ་ཞིག་ཡོད།
有個諺語
གཏམ་དྲང་ན་རྒྱ་གཏམ་བོད་ལ་འགྲོ།
有理的話都愛聽
གཏམ་མ་དྲང་ཕ་གཏམ་བུར་མི་འགྲོ།
沒理的話人人排斥
ཉེ་རིང་མེད་པའི་གཏམ་བཤད།
說句沒有曲語之話
ཆེ་ཆུང་མེད་པའི་སྐལ་བགོ།
無有大小之分
ཁ་ཁོག་པའི་བར་ནས་མ་གསང་།
毫無掩蓋
གློ་རྒྱུ་མའི་བར་ནས་མ་སྐོངས།
推心置腹地
ཁ་ལ་ཕུད་ན་སྨན་དུ་འགྱུར།
說就會成良藥
ཁོག་ལ་བཅུག་ན་དུག་ཏུ་འགྱུར།
要么會成毒藥
མི་ཤེས་ཤེས་ཁུལ་བྱས་ན་མཚང་ཡིན།
不知裝知是羞也
ཤེས་རྒྱ་ཁོག་ཏུ་བཅུག་ན་སྐྱོན་རེད།
知智囊倉也是一種病!
格薩爾王說唱一段
གླུ་ཨ་ལ་ལ་མོ་ཨ་ལ་ལེན།
盧阿拉阿拉阿拉熱,
ཐ་ལ་ངག་གི་འགུག་ལུགས་ཡིན།
盧塔拉拉莫塔拉
གླུ་འདིའི་ནང་དོན་མ་ཤེས་ན།
不懂這首歌
སྲིད་པ་རྒན་པོའི་གཏམ་དཔེ་ཡིན།
世古來的諺語
གོ་ན་རྣ་བའི་བདུད་རྩི་ཡིན།
聽到則是甘露
མ་གོ་གླུ་ལ་འབྲེལ་བ་མེད།
不聽則是無關
VERSE.2
ཡ་ཁོ་རེ། 呀 他!
ངས་བ་ཡན་ཐང་ནས་རྟ་བརྒྱུགས་ན།
我騎之馬奔騰於瓦岩草原
ཁྱོད་ཁྲི་ཐོག་བླ་མའི་ཨོང་ཤ་ན།
座之於寶座之人
མཆོད་རྟེན་ལ་འགྲོགས་ན་དཀར་དཀར་ཡིན།
碰塔著白也(民間諺語)
ཟངས་ང་ལ་འགྲོགས་ན་ནག་ནག་ཡིན།
碰鍋著黑也(民間諺語)
སྟག་ལ་འགྲོགས་ནས་ནགས་ལ་མཆོངས་དགོས།
需要猛虎的兇猛
རྒོད་ལ་འགྲོགས་ནས་དགུང་ལ་འཕུར་དགོས།
需要雄鷹的展翅
ལ་རེ་ཐུར་རེ་མ་བརྒྱབས་ན།
不足於千里碼
རྟ་ཅང་ཤེས་ཡིན་མིན་མི་ཤེས།
不知於是否駿馬
མི་ཆེན་གྱོད་ལ་མ་འཕྲད་ན།
不見於大事
གཏམ་ཁ་ལྕེ་ཡོད་མེད་མི་ཤེས།
不知於是否好嘴
ཁ་བདེ་ན་སྡེ་བའི་དཔོན་པོ་ཡིན།
口才好能是君
ལག་བདེ་ན་སྡེ་བའི་གཡོག་པོ་ཡིན།
賢匠之別人奴也
བུ་བཟང་ན་ཡ་རབས་གཅིག་གིས་ཆོག
賢子不在於多
ཆང་བཟང་ན་ཆང་ཕོར་གང་གིས་ཆོག
好酒一碗夠也!