薩嘎達瓦 (瓊吉卓瑪)歌詞

添加日期:2023-03-23 時長:05分39秒 歌手:藏地之聲

作詞 : 東科南夸
作曲 : 智伙爾歐珠
སངས་རྒྱས་ཤཱཀྱ་ཐུབ་པ།
ལྕགས་སྤྲེལ་ས་ག་ཟླ་བའི།
དུས་བཟང་ཚེས་པ་བདུན་ལ།
བཀྲ་ཤིས་རྟགས་མཚན་མཉམ་དུ།
ཨོ། སྐུ་མཆོག་བལྟམས་པའི་དུས་རེད།
ཧ་་་ཨ་་་ཨ། ཆོལ་གསུམ་བོད་པ་ཚོ།
དགེ་བ་འབུམ་དུ་འགྱུར་བའི་དུས་བཟང་འདིར།
བཅོས་མིན་དད་པས་དགེ་སྒྲུབ་བྱེས་ཞོར་དུ།
གཞན་ཕན་ལས་ལ་གང་ཐུབ་འབད་བརྩོན་བྱེད།
ཨ་་་ཧ་་་ཨ། ས་ག་ཟླ་བ།
དུས་བཟང་གསུམ་འཛོམས་ཀྱི་ཟླ་བ།
ང་ཚོས་མཉམ་དུ་དཀར་ཟས་ལ་རོལ།
ང་ཚོས་མཉམ་དུ་དཀར་ཟས་ལ་རོལ།
དཀར་ཟས་ལ་རོལ།
ཤིང་རྟ་ས་ག་ཟླ་བའི།
ཚེས་པ་བཅོ་ལྔའི་མཚན་མོར།
བྱང་ཆུབ་ཤིང་གི་མདུན་ནས།
གཡོ་མེད་ཏིང་འཛིན་བསྒོམས་པས།
ཧེ། མངོན་པར་སངས་ཐོབ་སོང།
ཧ་་་ཨ་་་ཨ། ཆོལ་གསུམ་བོད་པ་ཚོ།
དགེ་བ་འབུམ་དུ་འགྱུར་བའི་དུས་བཟང་འདིར།
གཞན་སྲོ་བཅད་ནས་ཤ་ཁྲག་ཟ་བ་ལས།
ངཀར་གསུམ་ཟས་ལ་རོལ་བཞིན་དགེ་སྒྲུབ་བྱེད།
ཨ་་་ཧ་་་ཨ། ས་ག་ཟླ་བ།
དུས་བཟང་གསུམ་འཛོམས་ཀྱི་ཟླ་བ།
ང་ཚོས་མཉམ་དུ་དཀར་ཟས་ལ་རོལ།
ང་ཚོས་མཉམ་དུ་དཀར་ཟས་ལ་རོལ།
དཀར་ཟས་ལ་རོལ།
ལྕགས་འབྲུག་ས་ག་ཟླ་བའི།
ཚེས་པ་བཅོ་ལྔའི་ཉིན་མོར།
རྩྭ་མཆོག་གྲོང་ལ་གཤེགས་ནས།
རྟག་འཛིན་འགྲོ་བ་ཡོངས་ལ།
ཨ། མྱ་ངན་འདས་ཚུལ་བསྟན་སོང།
ཧ་་་ཨ་་་ཨ། ཆོལ་གསུམ་བོད་པ་ཚོ།
དགེ་བ་འབུམ་དུ་འགྱུར་བའི་དུས་བཟང་འདིར།
ཉམ་ཆུང་དུད་འགྲོའི་ཚེ་སྲོག་མི་འཕྲོག་པར།
མ་ཎི་ཡིག་དྲུག་འདོན་བཞིན་དཀར་ཟས་རོལ།
ཨ་་་ཨ་་་ཨ། ས་ག་ཟླ་བ།
དུས་བཟང་གསུམ་འཛོམས་ཀྱི་ཟླ་བ།
ང་ཚོས་མཉམ་དུ་དཀར་ཟས་ལ་རོལ།
ང་ཚོས་མཉམ་དུ་དཀར་ཟས་ལ་རོལ།
དཀར་ཟས་ལ་རོལ།
དུས་བཟང་གསུམ་འཛོམས་ཀྱི་ཟླ་བ།
ང་ཚོས་མཉམ་དུ་དཀར་ཟས་ལ་རོལ།
ང་ཚོས་མཉམ་དུ་དཀར་ཟས་ལ་རོལ།
དཀར་ཟས་ལ་རོལ།
ང་ཚོས་མཉམ་དུ་དཀར་ཟས་ལ་རོལ།
དཀར་ཟས་ལ་རོལ།
發行 : 黑馬唱片
更多>

喜歡【藏地之聲】您也可能喜歡TA們的歌詞…

更多>

最新歌詞