月亮之歌歌詞

添加日期:2024-02-11 時長:03分29秒 歌手:澤旺拉姆

編曲 : 澤旺拉姆
ཟླ་བའི་གླུ།
གཞས་ཚིག རྫ་སྐྱེས་ཕུར་བ།
གཞས་གདངས། དམངས་ཁྲོད།
གཞས་མ། ཚེ་དབང་ལྷ་མོ།
ཇུས་འགོད། ཧོར་བྲག་སྲས།
ཚེས་ཆེན་ཤར་རིའི་ཟླ་བ།
ཁྱེད་རང་མིན་འགྲོ་བསམ་བྱུང་།
ཁང་ཆུང་དཀར་པོའི་ཕྱི་ལ།
ཟླ་འོད་གསལ་བར་བལྟས་ཡོད།
ང་ནི་སྐྱ་མདའ་གཏོང་བའི་ཐོ་རངས་བྱེའུ་ཆུང་དེ་ཡིན།
ང་ནི་ལྷགས་རླུང་རུམ་པའི་དུས་བཞིའི་རྒྱུ་སྐར་དེ།
ཐོ་རངས་གསལ་དུས་ང་ཡིས་ཁྱེད་རང་གཉིད་ལས་སློང་།
ལྷགས་རླུང་ལྡང་དུས་ང་ཡིས་ཁྱེད་རང་གཅེས་པར་རུམ།
ང་ཡིས་ཁྱེད་རང་གཅེས་པར་རུམ།
ང་ནི་མཚན་མོའི་རྣང་ཞིང་དཀར་པོའི་མཛེས་པར་ཡོད།
ང་ནི་ཁྲ་ཚོམ་མེ་ཏོག་ཚོགས་ཀྱི་འདབ་མར་ཡོད།
ང་ནི་ཡུད་ཙམ་ཁྱེད་ལ་ཤར་བའི་ཟླ་བ་ཡིན།
ཁྱེད་ལ་ཤར་བའི་ཟླ་བ་ཡིན།
ང་ནི་ཡུད་ཙམ་ཁྱེད་ལ་ཤར་བའི་ཟླ་བ་ཡིན།
རྣང་ཞིང་དཀར་པོའི་ཁ་མཐའ།
རྨི་ལམ་ནང་ནས་མཐོང་བྱུང་།
ཐོ་རངས་ང་ཡི་སེམས་ལ།
ཁྱེད་དང་མཇལ་ཡོང་བསམ་བྱུང་།
更多>

喜歡【澤旺拉姆】您也可能喜歡TA們的歌詞…

更多>

最新歌詞