Halo 伴奏歌詞
添加日期:2024-02-06 時長:03分24秒 歌手:那南多傑
作詞 : 那南多傑
作曲 : 曲傑
編曲 : 那南多傑
ཚིག་ ཎ་ནམ་རྡོ་རྗེ།
གདངས་ ཆོས་རྗེ།
ལེན་མཁན་ ཎ་ནམ་རྡོ་རྗེ།
རོལ་མོ་ ཆོས་རྗེ།
halo halo halo halo
halo halo halo halo
halo halo halo halo
halo halo halo halo
ལས་ཀྱི་བཀོད་སྒྲིག་མ་རེད་ཟེར་
དབང་གི་བཙན་གཡོག་མ་རེད་ཟེར་
ང་ཡི་ང་རང་གི་གདམས་པའི་ལམ་དེར་སྔར་བཞིན་འགྲོ་དགོས་ཟེར་
ཁྱེད་དང་ཨེ་མཐུན་བསམ་པ་དེ་མ་རེད་
ཁྱེད་དང་ཨེ་འགྲིག་བསམ་པ་དེ་མ་རེད་
འོད་སྣང་ལ་ཕྱོགས་པའི་ལམ་དེ་དེད་ནས་ཐར་ལམ་དེ་མངོན་འགྱུར་བྱེད་དགོས་ཟེར་
ལུས་སེམས་འོད་ཟེར་ཕྱོགས་ན་ཕྱོགས་ཡོད་
མ་འོངས་བདེ་སྐྱིད་ཕྱོགས་ན་ཕྱོགས་ཡོད་
བསམ་པའི་དཔལ་ཡོན་བསྟུན་ནས་དོན་གྱི་བདེན་པ་འཚོལ་
halo halo halo halo
halo halo halo halo
halo halo halo halo
halo halo halo halo
halo halo halo halo
halo halo halo halo
halo halo halo halo
halo halo halo halo
ཁྱོད་དང་ང་ཚོ་ དལ་བརྒྱད་འབྱོར་བཅུའི་བརྒྱན་ཡོད་
ཚོགས་བསགས་ཚུལ་ཁྲིམས་སྲུངས་ན་འདི་ཕྱི་སྐྱིད་པའི་རྒྱུ་ཡིན་
ཀྱག་ཀྱོག་འཚོ་བའི་སུན་སྣང་ཤེས་རབ་མེད་པས་གྲུབ་ཡོད་
གསོན་ཚེ་བདེ་སྐྱིད་མེད་པ་བདག་འཛིན་ཆེ་བས་རྐྱེན་ཡོད་
ཕྱི་དངོས་པོའི་དཔལ་དང་ནང་བསམ་པའི་དཔལ་གཉིས་
འདྲ་འདྲ་མཉམ་མཉམ་ངང་ནས་འགྲོ་དགོས་
ཕྱི་དངོས་པོའི་དཔལ་དང་ནང་བསམ་པའི་དཔལ་གཉིས་
འདྲ་འདྲ་མཉམ་མཉམ་ངང་ནས་འགྲོ་དགོས་
ང་ནི་ང་ཡིན་ན་ཟུག་མེ་ལ་བསྒྲོན་པའི་གཞོན་ནུ་སྤྲོ་སྣང་ཅན་
འཛུམ་གྱི་ལེར་ཕམ་ཉེས་འཛུམ་གྱི་བསུ་བའི་མི་བུ་སྙིང་སྟོབས་ཅན་
ཤེས་རབ་ཀྱི་རལ་གྲི་རེའི་
འདི་ཕྱི་གསལ་བའི་ཁ་ཕྱོགས་རེ་
བྱམས་སེམས་ཀྱི་ཉམས་ལེན་རེའི་
ཚེ་སྲོག་གི་གོ་རྟོགས་གསལ་ གསལ་ གསལ་
སྡུག་དུས་ སྐྱོ་དུས་ བླ་ཤོར་བཞིན་མ་དུད་
སྐྱིད་དུས་ དར་དུས་ རྒོད་པོ་བཞིན་མ་ལྡིང་དགོས་
མི་རྟག་གི་དར་རྒུད་འདི་
རླུང་བུ་བཞིན་ འཇགས་དུས་ ཡལ་དུས་
ནང་སེམས་འདི་ རི་རྒྱལ་བཞིན་ བརྟན་བརྟན་ལྷིབ་ལྷིང་
ད་མ་ཟེར་
you can’t see me you can’t see me
ནང་བསམ་པའི་གཏིང་ངེས་འབྱུང་དང་ཆོག་ཤེས་སྐྱོང་
go go
halo halo halo halo
halo halo halo halo
halo halo halo halo
halo halo halo halo
halo halo halo halo
halo halo halo halo
halo halo halo halo
halo halo halo halo
ལས་ཀྱི་བཀོད་སྒྲིག་མ་རེད་ཟེར་
དབང་གི་བཙན་གཡོག་མ་རེད་ཟེར་
ང་ཡི་ང་རང་གི་གདམས་པའི་ལམ་དེར་སྔར་བཞིན་འགྲོ་དགོས་ཟེར་
ཁྱེད་དང་ཨེ་མཐུན་བསམ་པ་དེ་མ་རེད་
ཁྱེད་དང་ཨེ་འགྲིག་བསམ་པ་དེ་མ་རེད་
འོད་སྣང་ལ་ཕྱོགས་པའི་ལམ་དེ་དེད་ནས་ཐར་ལམ་དེ་མངོན་འགྱུར་བྱེད་དགོས་ཟེར་
ལུས་སེམས་འོད་ཟེར་ཕྱོགས་ན་ཕྱོགས་ཡོད་
མ་འོངས་བདེ་སྐྱིད་ཕྱོགས་ན་ཕྱོགས་ཡོད་
བསམ་པའི་དཔལ་ཡོན་བསྟུན་ནས་དོན་གྱི་བདེན་པ་འཚོལ་