婚禮進行曲歌詞
添加日期:2024-01-29 時長:04分32秒 歌手:So洛桑丹增
作曲 : So洛桑丹增
作詞 : 平措曲旦(博士)
དེ་རིང་ཁྱེད་དང་གཉེན་སྒྲིག་སྒྲིག
མི་ཚོགས་ཚང་མས་རྟེན་འབྲེལ་དཔང་རྟགས་བྱས།
མ་འོངས་མི་ཚེ་རིང་པོ་རེད།
ང་གཉིས་བརྩེ་སེམས་ཟབ་པོས་མཉམ་དུ་ཕྱོགས།
ད་ཆ་ངའི་དགའ་སྐྱོའི་བདེ་སྡུག་ཁྱེད་དང་མཉམ་དུ་འབྲེལ་ནས་ཡོད།
བརྩེ་བའི་བུ་མོ་ང་གཉིས་ཕན་ཚུན་ཡིད་ཆེས་བརྟན་པོ་བཅངས།
གཞོན་སོ་དཀར་ རྒན་སྐྲ་དཀར་ ང་གཉིས་མཉམ་དུ་གཤིབས་ཆོག།
ཞིམ་པའི་ཇ་ བསྐྱུར་བའི་ཆང་ ང་གཉིས་མཉམ་དུ་མྱོང་ཆོག།
སྐྱིད་སྡུག་མཉམ་མྱོང་། བརྩེ་དུང་འཚོ་བ་ཁྱེད་དང་མཉམ་དུ་རོལ་ཆོག།
ང་ལ་རྒྱུ་དབང་མང་པོ་མེད་ན་ཡང་།
ལྷད་མེད་བརྩེ་སེམས་ཁྱེད་ལ་བཅངས་རྒྱུ་ཡོད།
ནམ་ཞིག་ང་གཉིས་མི་ཚེའི་དུས་ཟིན་སྐབས།
ང་ཡི་དམ་བཅའ་གྲུབ་པའི་འབད་བརྩོན་བྱེད།
ཚེ་སྔོན་ལས་དང་སྨོན་ལམ་བཟང་པོས་ང་གཉིས་མཉམ་དུ་འཕྲད།
སེམས་མཐུན་བློ་འདྲེས་འགྱུར་མེད་བརྩེ་སེམས་ཕན་ཚུན་མཉམ་དུ་སྤྲད།
ཁྱེད་ཀྱི་ཞལ་རས་ ཡིད་ལ་བབས་ནས་ སྙིང་ལ་བསྐོས་ཡོད།
མ་འོངས་ནང་གནས་སྐབས་གང་དང་ས་ཕྱོགས་གང་དུ་སླེབས་པ་ཡིན་ནའི།
བུ་མོ་རང་དང་མཉམ་དུ་གཤིབས་པའི་དུས་ཚོད་ བདེ་སྐྱིད་ཀྱི་བརྩེ་དུང་ལོ་ཟླ།
མ་བརྗེད་པར་སེམས་ལ་བཅངས་ནས་དམ་བཅའ་གྲུབ་པ་བྱས་ཆོག།
མི་ཚེ་ཡི་ལམ་བུའི་སྟེང་ལ་དཀའ་སྡུག་ག་ཚོད་འཕྲད་ནའི་སེལ་ཆོག།
སྙིང་ཉེ་བའི་བུ་མོ་ཁྱེད་དང་ཚེ་མཇུག་མཉམ་དུ་བསྐྱལ་བསྡད་ཆོག
གཟབ་སྤྲོས་གྱོན་རྒྱན་ཆ་མཛེས།
ཕ་མ་སྤུན་མཆེད་འཛོམས་པའི་དགའ་སྟོན་ལ།
ང་གཉིས་མཉམ་དུ་མི་ཚོགས་དཀྱིལ་གྱི་བཀྲག་མདངས་ཆེ་ཤོས་རེད་བཞག།
དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་སྐྲུན།བདེ་སྐྱིད་ལྡན་པའི་བརྩེ་དུང་འཚོ་བ་བསྐྱལ།
མི་ཚེའི་ལམ་ལ་དཀའ་ངལ་གང་ཡོད་ང་གཉིས་མཉམ་དུ་སེལ་ཆོག།
གཟབ་སྤྲོས་གྱོན། རྒྱན་ཆ་མཛེས།
གཟབ་སྤྲོས་གྱོན། རྒྱན་ཆ་མཛེས།
གཟབ་སྤྲོས་གྱོན། རྒྱན་ཆ་མཛེས།
གཟབ་སྤྲོས་གྱོན། རྒྱན་ཆ་མཛེས།
དེ་རིང་ཁྱེད་དང་གཉེན་སྒྲིག་སྒྲིག།
མི་ཚོགས་ཚང་མས་རྟེན་འབྲེལ་དཔང་རྟགས་བྱས།
མ་འོངས་མི་ཚེ་རིང་པོ་རེད།
ང་གཉིས་བརྩེ་སེམས་ཟབ་པོས་མཉམ་དུ་ཕྱོགས།
ད་ཆ་ངའི་དགའ་སྐྱོའི་བདེ་སྡུག་ཁྱེད་དང་མཉམ་དུ་འབྲེལ་ནས་ཡོད།
བརྩེ་བའི་བུ་མོ་ང་གཉིས་ཕན་ཚུན་ཡིད་ཆེས་བརྟན་པོ་བཅངས།
གཞོན་སོ་དཀར་རྒན་སྐྲ་དཀར་ ང་གཉིས་མཉམ་དུ་གཤིབས་ཆོག།
ཞིམ་པའི་ཇ་བསྐྱུར་བའི་ཆང་། ང་གཉིས་མཉམ་དུ་བཏུང་ཆོག།
སྐྱིད་སྡུག་མཉམ་མྱོང་། བརྩེ་དུང་འཚོ་བ་ཁྱེད་དང་མཉམ་དུ་རོལ་ཆོག།
ང་ལ་རྒྱུ་དབང་མང་པོ་མེད་ན་ཡང་།
ལྷད་མེད་བརྩེ་སེམས་ཁྱེད་ལ་བཅངས་རྒྱུ་ཡོད།
ནམ་ཞིག་ང་གཉིས་མི་ཚེའི་དུས་ཟིན་སྐབས།
ང་ཡི་དམ་བཅའ་གྲུབ་པའི་འབད་བརྩོན་བྱེད།
ཚེ་སྔོན་ལས་དང་སྨོན་ལམ་བཟང་པོས་ང་གཉིས་མཉམ་དུ་འཕྲད།
སེམས་མཐུན་བློ་འདྲེས་འགྱུར་མེད་བརྩེ་སེམས་ཕན་ཚུན་མཉམ་དུ་སྤྲད།
ཁྱེད་ཀྱི་ཞལ་རས་ ཡིད་ལ་བབས་ནས་ སྙིང་ལ་བསྐོས་ཡོད།
མ་འོངས་ནང་གནས་སྐབས་གང་དང་ས་ཕྱོགས་གང་དུ་སླེབས་པ་ཡིན་ནའི།
བུ་མོ་རང་དང་མཉམ་དུ་གཤིབས་པའི་དུས་ཚོད། བདེ་སྐྱིད་ཀྱི་བརྩེ་དུང་ལོ་ཟླ།
མ་བརྗེད་པར་སེམས་ལ་བཅངས་ནས་དམ་བཅའ་གྲུབ་པ་བྱས་ཆོག།
མི་ཚེ་ཡི་ལམ་བུའི་སྟེང་ལ་དཀའ་སྡུག་ག་ཚོད་འཕྲད་ནའི་སེལ་ཆོག།
སྙིང་ཉེ་བའི་བུ་མོ་ཁྱེད་དང་ཚེ་མཇུག་མཉམ་དུ་བསྐྱལ་བསྡད་ཆོག།