金結的承諾歌詞

添加日期:2024-01-05 時長:03分06秒 歌手:萬瑪才旦

作詞 : 曲乎三
作曲 : 民間
男聲:阿根
萬瑪才旦:
ང་ཡི་ཕ་མ་དགུང་སྔོན་གནམ་གྱི་ཁྱོན་རེད།།
ཉི་ཟླ་སྐར་གསུམ་བརྩེ་བའི་ཕྱག་གི་ཡུལ་རེད།།
ཐུགས་ཀྱི་སྦྲང་ཆར་མེ་ཏོག་པདྨའི་གསོས་རེད།།
གཡང་ཁྱིམ་གྲུ་བཞི་སྔོན་མོ་སྤང་གི་ལྗོངས་རེད།།
阿根:
ང་ཡི་ན་ཟླ་ཁྲ་བོ་གཟི་ཡི་མདངས་རེད།།
རྣམ་དཔྱོད་མེ་དཔུང་དུས་ཀྱི་མུན་པའི་གཤེད་རེད།།
སྙིང་སྟོབས་རིལ་བུ་མདུན་སྐྱོད་གོམ་པའི་སྒྲ་རེད།།
ལོ་ཉུང་ང་ཚོ་ཕ་ཡུལ་ཨ་མའི་རྒྱན་རེད།།
萬瑪才旦:
ཉི་ཤུའི་ལང་ཚོ་དུས་ཀྱི་རླུང་གིས་མ་ཁྱེར།།
阿根:
འུ་ཚོ་ཞོགས་པའི་ཉི་མ་སེར་པོའི་མདངས་རེད།།
萬瑪才旦:
གོམ་གཅིག་གོམ་གཉིས་སྤོས་ནས་མདུན་དུ་འགྲོ་དང་།།
阿根:
ནམ་ཞིག་གླུ་སྒྲའི་རོལ་མོ་ལག་པས་ཟིན་ཡོང་།།
合:
ང་ནི་ཁྱོད་ཀྱི་དཔྲལ་བའི་ཁྲ་ཆུང་མིག་ཡིན།།
ཁྱོད་ནི་ང་ཡི་ཁོག་གི་དམར་ཆུང་སྲོག་ཡིན།།
འུ་གཉིས་ལས་དང་ལམ་ནས་མཐུན་པོ་བྱུང་ན།།
ཉི་ཟླ་དཔང་ལ་མི་དགོས་རྩམ་སྐྱ་ཆུ་ལ་བསྒྲེས་ཆོག།
更多>

喜歡【萬瑪才旦】您也可能喜歡TA們的歌詞…

更多>

最新歌詞