和平眼眸歌詞

添加日期:2023-12-26 時長:04分43秒 歌手:拉格卓瑪

作詞 : 日當呷扎
作曲 : 佐慶丹真
མུན་པའི་དབྱིངས་ཆེན་གསེར་གྱི་འོད་ལ་ཤར་དུས།
སྟོང་གསལ་གྱི་མཁའ་ལམ་ན།
ཉི་ཟླ་ཡིས་འཛམ་གླིང་རུམ་ཡོད།
ས་ཆེན་གྱི་འགྲོ་བ་ཚོ།
ཉི་ཟླའི་སྲས་པོ་ཡིན།
ཞི་བདེ་ཡི་སེམས་པ་སྡེབ་ནས།
འཚེ་མེད་ཀྱི་སྤྱན་རས་འཁྱུག་དགོས།
དུས་བཞིའི་དཔལ་ཡོན་འབྱུང་བའི་མངལ་ལ་འཁྲུངས་དུས།
མཐོན་མཐིང་གི་འཁྱུད་ཀོང་ན།
གོ་ལ་ཡིས་འཛམ་གླིང་པང་ཡོད།
ས་ཆེན་གྱི་འགྲོ་བ་ཚོ།
གོ་ལའི་སྲས་པོ་ཡིན།
ཞི་བདེ་ཡི་སེམས་པ་སྡེབ་ནས།
འཚེ་མེད་ཀྱི་སྤྱན་རས་འཁྱུག་དགོས།
ཨོ་་་་་ཨོ་་་་་་གནམ་འོག་གི་བདེ་སྐྱིད་མེ་ཏོག
ཞི་བདེ་ཡི་པང་ལ་འཁྲུངས་ཡོད།

གནམ་འོག་གི་བདེ་སྐྱིད་མེ་ཏོག
ཞི་བདེ་ཡི་པང་ལ་འཁྲུངས་ཡོད།
更多>

喜歡【拉格卓瑪】您也可能喜歡TA們的歌詞…

更多>

最新歌詞