心靈淨土歌詞

添加日期:2023-12-25 時長:03分05秒 歌手:更尕巴丁

作詞 : 昂文扎西
作曲 : 更尕巴丁
作詞: 昂文扎西
作曲: 更尕巴丁
後期: 扎巴江措
ང་ཡི་སེམས་ཀྱི་དག་ཞིང་།།
ཁ་བ་དགོན་གསར་དགོན་པའི།།
ནང་གི་བླ་གྲྭ་མགོ་འཛོམས།།
འཆད་རྩོད་རྩོམ་གསུམ་ཕྱུག་ཞིང་།།
ཚདལ་ཁྲིམས་དྲི་ངད་འཐུལ་བའི།།
ཉམ་ཐག་འགྲོ་བའི་མགོན་པོ།།
སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང།།
མཛད་འཕྲིན་རྒྱས་པའི་སྨོན་ལམ།།
སྐྱབས་གནས་དཀོན་མཆོག་གསུང་མོ།།
སྐྱིད་སྡུག་དད་ཞུ་བྱེད་ས།།
ཁ་བ་དགོན་གསར་དགོན་པ།།
ཕ་ཡུལ་ཡུལ་གྱི་སྒྲོན་མེ།།
ཐུགས་རྗེ་བྱིན་རླབས་གནང་རོགས།།
ང་ཡི་སེམས་ཀྱི་བླ་མ།།
མཁྱེན་གསུམ་དཔལ་ལ་རོལ་བའི།།
གྲུབ་ཆེན་སངས་རྒྱས་བཟང་པོ།།
ཡང་སྤྲུལ་བཤེས་གཉེན་དམ་པ།།
ཐུགས་རྗེ་བྱིན་རླབས་འོད་ཟེར།།
འཇིག་རྟེན་རྨོངས་མུན་ཁྲོད་དུ།།
ཤར་ཏེ་རིགས་དྲུག་སེམས་ཅན།།
བདེ་ལ་བཀོད་པའི་སྨོན་ལམ།།
སྐྱབས་གནས་དཀོན་མཆོག་གསུང་མོ།།
སྐྱིད་སྡུག་དད་ཞུ་བྱེད་ས།།
གྲུབ་ཆེན་སངས་རྒྱས་བཟང་པོ།།
ཕ་ཡུལ་ཡུལ་གྱི་སྒྲོན་མེ།།
ཐུགས་རྗེ་བྱིན་རླབས་གནང་རོགས།།
སྐྱབས་གནས་དཀོན་མཆོག་གསུང་མོ།།
སྐྱིད་སྡུག་དད་ཞུ་བྱེད་ས།།
གྲུབ་ཆེན་སངས་རྒྱས་བཟང་པོ།།
ཕ་ཡུལ་ཡུལ་གྱི་སྒྲོན་མེ།།
ཐུགས་རྗེ་བྱིན་རླབས་གནང་རོགས།།
更多>

喜歡【更尕巴丁】您也可能喜歡TA們的歌詞…

更多>

最新歌詞