藏北是個好地方歌詞

添加日期:2023-12-25 時長:04分12秒 歌手:拉巴卓瑪

作詞 : 吾金才塔
作曲 : 吾金才塔
ཡུལ་ལྷ་རི་མ་ཆགས་ལྷ་རི་ཆགས།།
ལྷ་རི་མཚོ་གསུམ་དཀྱིལ་ལ་ཆགས།།
རི་འདོད་འབྱུང་ལྷ་རིའི་རྒྱན་ཆ་རེད།།
འབྲི་རུ་མ་ཆགས་འབྲི་རུ་ཆགས།།
འབྲི་རུ་རྔུལ་ཆུའི་འགྲམ་ལ་ཆགས།།
བུ་སྐྱེས་ཆེན་འཁྲུངས་སའི་ས་ཆ་རེད།།
སོག་ཤོད་མ་ཆགས་སོག་ཤོད་ཆགས།།
སོག་ཤོད་སོག་ཆུའི་འགྲམ་ལ་ཆགས།།
སོག་ཤོད་མི་རྣམས་བློ་རྩ་བརྟན།།
སྦྲ་ཆེན་མ་ཆགས་སྦྲ་ཆེན་ཆགས།།
སྦྲ་ཆེན་གཡུ་འབྲུག་གཤམ་ལ་ཆགས།།
སྦྲ་ཆེན་པོ་སྦྲ་ཆེན་ཡུལ་ལ་ཡོད།།
LCR編輯:多巴倉傳媒
གསེར་རྙེད་མ་ཆགས་གསེར་རྙེད་ཆགས།།
གསེར་རྙེད་གསེར་འདྲའི་ས་ལ་ཆགས།
ས་འདུས་མདོ་ཚོང་ར་ཕྱུག་མོ་རེད།།
གཉན་རོང་མ་ཆགས་གཉན་རོང་ཆགས།།
གཉན་རོང་ན་དམར་དཀྱིལ་ལ་ཆགས།།
ནོར་གནག་ཟོག་གི་ཕ་ས་རེད།།
ཨ་མདོ་མ་ཆགས་ཨ་མདོ་ཆགས།།
ཨ་མདོ་མཚོ་ནག་འགྲམ་ལ་ཆགས།།
གཡང་དཀར་རིགས་རྒྱུད་བཟང་ས་རེད།།
མཚོ་གཉིས་མ་ཆགས་མཚོ་གཉིས་ཆགས།།
མཚོ་གཉིས་མུ་མེད་རྩྭ་ཐང་ཆགས།།
མཚོ་གཉིས་འབྲོང་གི་ཕ་ས་རེད།།
LCR編輯:多巴倉傳媒
ཉི་མ་མ་ཆགས་ཉི་མ་ཆགས།།
ཉི་མ་རྟ་སྒོའི་གཞུང་ལ་ཆགས།
ཞང་ཞུང་གནའ་བོའི་གནའ་ཤུལ་མང་།།
ཤེལ་ཚྭ་མ་ཆགས་ཤེལ་ཚྭ་ཆགས།།
ཤེལ་ཚྭ་རྒྱལ་གངས་མདུན་ལ་ཆགས།།
མཚོ་མཚེའུ་ཆགས་སའི་ཕ་ཡུལ་རེད།།
དཔལ་མགོན་མ་ཆགས་དཔལ་མགོན་ཆགས།།
དཔལ་མགོན་མནམ་མཚོའི་མཐའ་ལ་ཆགས།།
གནམ་མཚོ་ཕྱུག་མོའི་ཕ་ས་རེད།།
更多>

喜歡【拉巴卓瑪】您也可能喜歡TA們的歌詞…

更多>

最新歌詞