索 普布卓瑪 願父母長壽歌詞
添加日期:2023-12-23 時長:03分15秒 歌手:索普布卓瑪
作詞 : 索普布卓瑪
作曲 : 索普布卓瑪
編曲 : 索普布卓瑪
༼ཕ་མ་ལོ་བརྒྱ།༽
願父母長壽
གཞས་གདངས དམངས་ཁྲོད།
曲:民間
གཞས་མ། སོག་ཕུར་བུ་སྒྲོལ་མ།
演唱:索 普布卓瑪
ཞང་ཡ་རེ་ལོ་་་་ཨ་ཕ་ལོ་བརྒྱ་ཁྱིམ་འདིའི་ནོར་བུ་རེད།།
香吖熱咯 父親是鎮家之寶
ཨ་མ་ཚེ་རིང་ཁྱིམ་འདིའི་ཕྱུགས་གཡང་རེད།།
母親是聚福之寶
ནོར་གཡང་ཁྱིམ་ལ་འཁོར་ན།།
使家中財運亨通
ཁྱིམ་འདིའི་བདེ་སྐྱིད་ལོས་ཡིན།།
共建美好的家庭
ཕ་མ་གཉིས་སྐུ་ཚེ་བརྟན་པར་ཤོག །
願父母健康長壽
ཞང་ཡ་རེ་ལོ།་་་་ཨ་ཕ་ལོ་བརྒྱ་ཁྱིམ་འདིའི་ལྷ་ཆོས་རེད།།
香吖熱咯 父親講未來的發展
ཨ་མ་ཚེ་རིང་ཁྱིམ་འདིའི་མི་ཆོས་རེད།།
母親講亘古的道理
ལྷ་ཆོས་མི་ཆོས་འཛོམས་ན།།
在尊崇道德的家裡
ཁྱིམ་འདིའི་གཟི་བརྗིད་ལོས་ཡིན།།
必是真善真美之人
ཕ་མ་གཉིས་སྐུ་ཚེ་བརྟན་པར་ཤོག །
願父母健康長壽
ཞང་ཡ་རེ་ལོ།་་་་ཨ་ཕ་ལོ་བརྒྱ་ཁྱིམ་འདིའི་བཀྲ་ཤིས་རེད།།
香吖熱咯 父親使家裡滿吉祥
ཨ་མ་ཚེ་རིང་ཁྱིམ་འདིའི་བདེ་ལེགས་རེད།།
母親使家裡更如意
བཀྲ་ཤིས་བདེ་ལེགས་ཡོད་ན།།
此刻吉祥又如意
ཁྱིམ་འདིས་བསོད་ནམས་ཡིན།།
使家福氣聚滿屋
ཕ་མ་གཉིས་སྐུ་ཚེ་བརྟན་པར་ཡིན།།
願父母健康長壽