思念他歌詞

添加日期:2023-12-22 時長:03分27秒 歌手:更尕

作詞 : 桑斗/更尕
作曲 : 更尕
མི་ཞིག་གི་དྲན་ཚུལ
ཐག་རིང་ཐག་རིངཞིག་ན
དྲན་པ་མཐའ་དག་འབོར་སའི་མཚེར་ཤུལ་དེར
ཁྱོད་ནི་ཁྲེལ་ཡོད་ཀྱིས
ང་རང་ཕྱིར་ལོག་འདོད་སའི་འབྲོག་སྡེ་དེ་སྲུང་ནས་ཡོད
གལ་སྲིད་སྤྲ་ཡི་ཁ་ཚུབ་རླུང་གིས་ཟད་ཚེ
ཁ་ཚུབ་ལས་མངོན་པའི་སྐར་ཚོགས་དེ་ང་ཡིན
སྒོ་ཁྱིའི་གཅོང་སྐད་སྐྱོ་དགོས་མེད་དེ
དུས་མཐའི་གདུང་དབྱངས་དེ་ང་ཡིས་བྲིས་སོ
ཐག་ཉེ་ཐག་ཉེ་ཞིག་ན
བརྩེ་བ་འཁྱག་ཕྱིད་ཐེབས་པའི་ཁང་སྟོང་དེར
ཁྱོད་ནི་བག་ཡོད་ཀྱིས
ང་ཡི་འདོད་ཡོད་མཐའ་དག་གཅེས་པར་སྲུང་ནས་ཡོད་དེ
གལ་སྲིད་རྣམ་ཤེས་ཕྲ་མོ་ངལ་བས་གདུང་ཚེ
ང་ཡིས་བླ་དང་སྲོད་གི་རྒྱུད་སྐུད་དཀྲོལ་ཏེ
ལོ་ཟླ་མང་པོར་བསྙལ་བའི་བརྩེ་གཞས་འདི་ནི
ཆང་སྐྱེམས་ཞིག་གི་ཚུལ་དུ་ཁྱེད་ལ་འབུལ་ལོ
གལ་སྲིད་རྣམ་ཤེས་ཕྲ་མོ་ངལ་བས་གདུང་ཚེ
ང་ཡིས་བླ་དང་སྲོད་གི་རྒྱུད་སྐུད་དཀྲོལ་ཏེ
ལོ་ཟླ་མང་པོར་བསྙལ་བའི་བརྩེ་གཞས་འདི་ནི
ཆང་སྐྱེམས་ཞིག་གི་ཚུལ་དུ་ཁྱེད་ལ་འབུལ་ལོ
更多>

喜歡【更尕】您也可能喜歡TA們的歌詞…

更多>

最新歌詞