年少時的眷戀 伴奏歌詞

添加日期:2023-12-19 時長:04分43秒 歌手:多傑頓珠

作詞 : 薩納艾洛
作曲 : 多傑頓珠
編曲 : 多傑頓珠
ཆུང་མཐུན་སེམས་ཀྱི་འཁྲི་ཤིང་།
年少時的眷戀
གཞས་ཚིག ས་ཉལ་ཨེ་ལོག
作詞:薩納艾洛
དབྱངས་རྟ། རྡོ་རྗེ་དོན་འགྲུབ།
作曲:多傑頓珠
ལེན་མཁན། རྡོ་རྗེ་དོན་འགྲུབ། 
演唱:多傑頓珠
རོལ་མོ་སྒྲིག་བཟོ། རིན་ཆེན་འབུམ།
編曲:仁青本
ཕར་རིའི་ལྕུག་ཕྲན་མགོ་ཡི། །
在那柳樹之上
གཤོག་མཐུན་གཡུ་བྱ་སྒྲོ་ཡག །
同翼相戀玉鳥
སྐྱེས་སའི་ནགས་ཀློང་གཅིག་ཅིང་། །
生在同一林間
འབབ་སའི་ལྕང་སྡོང་མི་གཅིག །
不同棲息之地
འཕུར་སའི་བྲག་ཐེམ་སོ་སོ། །
飛向各個岩石
གཤོག་ཡས་དྲན་པས་དབང་གིས། །
因為思念之情
གཡུ་སྒྲོ་རླུང་གིས་ཁུར་སོང། །
絨毛飛向天空
གཡུ་སྒྲོ་རླུང་གིས་ཁུར་སོང། །
絨毛飛向天空
ཨ་ཧ་ཧ་་་འབབ་སའི་ལྕང་སྡོང་མི་གཅིག །
啊啊啊 不同棲息之地
ཨ་ཧ་ཧ་་་འཕུར་སའི་བྲག་ཐེམ་སོ་སོ། །
啊啊啊 各自飛翔空中
གཤོག་ཡས་དྲན་པས་དབང་གིས། །
因為思念之情
གཡུ་སྒྲོ་རླུང་གིས་ཁུར་སོང། །
絨毛飛向天空
ཆུ་སྣ་འདུས་པའི་གཏིང་གི །
在那深水之中
ཆ་གཅིག་གསེར་མིག་ཉ་མོ། །
成對相戀小魚
འཕྲད་སའི་ཆུ་མགོ་གཅིག་ཅིང་། །
雖然水中相遇
འཁྱུག་སའི་ཆུ་ངོགས་མི་གཅིག །
游在不同水岸
བཞུར་སའི་ཆུ་ཕྱོགས་སོ་སོ། །
奔入不同方向
ཆ་འགྲིག་ཉ་མོ་དྲན་པས། །
因為思念之情
སྤྱན་ཆབ་བསིལ་བ་འཐོར་སོང་། །
淚水灑入水中
སྤྱན་ཆབ་བསིལ་བ་འཐོར་སོང་། །
淚水灑入水中
ཨ་ཧ་ཧ་་་འཁྱུག་སའི་ཆུ་ངོགས་མི་གཅིག །
啊啊啊 游在不同水岸
ཨ་ཧ་ཧ་་་བཞུར་སའི་ཆུ་ཕྱོགས་སོ་སོ། །
啊啊啊 奔入不同方向
ཆ་འགྲིག་ཉ་མོ་དྲན་པས། །
因為思念之情
སྤྱན་ཆབ་བསིལ་བ་འཐོར་སོང་། །
淚水灑入水中
མཐིང་སྨུག་ཀ་བཞི་གདུང་བརྒྱད། །
帳篷四柱八梁
ཆུང་མཐུན་སེམས་ཀྱི་འཁྲི་ཤིང་། །
戀人心中之寶
ཐོག་མའི་དམ་ཚིག་གཅིག་ཅིང་། །
雖然諾言相同
ལས་ཀྱི་རྡོག་ལམ་མི་གཅིག །
各自道路不同
འཛོམས་སའི་གནས་ཚང་སོ་སོ། །
相聚他鄉之地
ཁྱོད་རང་ཞེ་ལ་ཐོགས་པས། །
因為思念之情
དྲན་གཞས་ངག་ནས་ཤོར་སོང་། །
不由唱出戀歌
ཨ་ཧ་ཧ་་་ལས་ཀྱི་རྡོག་ལམ་མི་གཅིག །
啊啊啊 各自道路不同
ཨ་ཧ་ཧ་་་འཛོམས་སའི་གནས་ཚང་སོ་སོ། །
啊啊啊 相聚他鄉之地
ཁྱོད་རང་ཞེ་ལ་ཐོགས་པས། །
因為思念之情
དྲན་གཞས་ངག་ནས་ཤོར་སོང་། །
不由唱出戀歌
ཨ་ཧ་ཧ་་་ལས་ཀྱི་རྡོག་ལམ་མི་གཅིག །
啊啊啊 各自道路不同
ཨ་ཧ་ཧ་་་འཛོམས་སའི་གནས་ཚང་སོ་སོ། །
啊啊啊 相聚他鄉之地
ཁྱོད་རང་ཞེ་ལ་ཐོགས་པས། །
因為思念之情
དྲན་གཞས་ངག་ནས་ཤོར་སོང་། །
不由唱出戀歌
ཁྱོད་རང་ཞེ་ལ་ཐོགས་པས། །
因為思念之情
དྲན་གཞས་ངག་ནས་ཤོར་སོང་། །
不由唱出戀歌
更多>

喜歡【多傑頓珠】您也可能喜歡TA們的歌詞…

更多>

最新歌詞