部落歌詞
添加日期:2023-12-19 時長:03分47秒 歌手:黎智堅措
作詞 : པདྨ་བསྟན་འཛིན།
作曲 : 黎智堅措 徐振閣
部落
編曲: 徐振閣
採樣: 尼瑪樂隊《遠嫁姑娘》
錄音: 魔力未來OGEN樂樂
混音: 朱海
HOOK
མི་ང་ནི་གང་ནས་ཡོང་། ད་གང་དུ་འགྲོ་མཁན་ཡིན།
我從哪裡來 要到哪裡去
མི་ང་ནི་གང་དུ་སླེབས། ད་གང་དུ་ལོག་མཁན་ཡིན།
我已到哪裡 現要回哪裡
མི་ང་ནི་སུ་ཞིག་ཡིན། ད་གང་དུ་འགྲོ་མཁན་ཡིན།
我是誰 現要去哪裡
མི་ང་ནི་ག་ནས་ཡིན། ད་གང་དུ་ལོག་མཁན་ཡིན།
我是哪裡的 現要回哪裡
VERSE.1
སྤྲ་དང་སྤྲེའུ་སྤྲ་དང་སྤྲེའུ་སྤྲ།
猿猴與獼猴
བྲག་དང་སྲིན་མོ་བྲག་དང་སྲིན་མོ་བྲག
岩洞與羅剎女
བྱང་ཆུབ་སེམས་པ་བྱང་ཆུབ་སེམས་པ་སེམས།
菩薩與菩薩心
ངོ་གདོང་དམར་པོ་ངོ་གདོང་དམར་པོ་དམར།
赭面與赭面族
གཉའ་ཁྲི་བཙན་པོ་གཉའ་ཁྲི་བཙན་པོ་བཙན།
聶赤為王
ཀ་ཁ་ག་ང་ཀ་ཁ་ག་ང་སྲོག
伽咖為魂
བོད་ཀ་གཡག་དྲུག་སུ་རས།
誰是博噶亞珠
ཡར་ལུང་ཚོ་པ་གང་རས།
誰是雅礱部落
གདོད་མའི་དུས་ཀྱི་ཚོ་པ ། འགྲན་ཟླ་བྲལ་བའི་ཚོ་པ།
原始的部落 不可戰勝的部落
ཚོ་པའི་སྐད་ཆ་གཅིག་རེད། ཚོ་པའི་རྡོག་རྩ་གཅིག་རེད།
部落的語言一致 部落團結協作
དེ་འདྲའི་རང་དགའ་རང་སྐྱིད།
如此自由自在
དེ་འདྲའི་སྐྱིད་སྡུག་མཉམ་མྱོང་།
如此風雨同舟
རང་གི་ཚོ་པའི་ཆེད་དུ ། ནམ་ཡང་མགོ་བོ་མི་སྒུར ། ནམ་ཡང་དཔའ་ངར་མི་ཞུམ །
為了自己的部落永不低頭永遠不屈不畏
ནམ་ཡང་བློ་སྟོབས་མི་ཉམས། རྨུ་ཐག་ནམ་ཡང་མ་ཆད།
永不頹放 木塔永不斷
སེམས་པ་གཅིག་ལ་སྦྲེལ་ཡོད ། གནམ་ལ་ཉི་མ་ཤར་ཡོད། ས་ལ་མེ་ཏོག་བཞད་ཡོད།
共結同心 空中陽光四射 地上開滿鮮花
HOOK
མི་ང་ནི་གང་ནས་ཡོང་།། ད་གང་དུ་འགྲོ་མཁན་ཡིན།
我從哪裡來 要到哪裡去
མི་ང་ནི་གང་དུ་སླེབས། ད་གང་དུ་ལོག་མཁན་ཡིན།
我已到哪裡 現要回哪裡
མི་ང་ནི་སུ་ཞིག་ཡིན། ད་གང་དུ་འགྲོ་མཁན་ཡིན།
我是誰 現要去哪裡
མི་ང་ནི་ག་ནས་ཡིན། ད་གང་དུ་ལོག་མཁན་ཡིན།
我是哪裡的 現要回哪裡
VERSE.2
ག་ས་ག་ལ་བཙལ། གནམ་སའི་བར་ལ་བཙལ། ལུས་སེམས་གཉིས་ཀྱིས་བཙལ།
我到處在尋找 在天地之間尋找用身心尋找
ངས་འཚོལ་གིན་འཚོལ་གིན་བརླག ངས་དབུགས་བཏང་གིན་བཏང་གིན་བརླག ངས་མིག་བལྟ་གིན་བལྟ་གིན་བརླག
找了又找又丟失 呼吸之時又丟失 在回眸之間消失
དུས་ཀྱི་དྲག་ཆར་རླུང་འཚུབ། ཐམས་ཅད་འགྱུར་བའི་རང་བཞིན།
時代之颶風暴雨 皆為無常顯像。
ཡོད་པོ་མེད་པོར་བཏང་མཁན། ད་ར་ཕྱུར་ཁུར་བཏང་སོང་། ཝའེ
有之化無 得之歸失
སྦྲ་གུར་ནང་ནས་ཐོན་ཡིན། གྲོང་ཁྱེར་ནང་དུ་སླེབས་སོང།
來自祖先的帳篷 來到現代都市
རླངས་འཁོར་ནང་ལ་འགྲོ་དུས། རྟ་ཕོ་བསམ་མཁན་མིན་འདུག
乘坐汽車的人們早已忘記遠處的駿馬
རྩྭ་ཐང་སྟེང་གི་འཚོ་བ། རྟ་ནོར་ལུག་གི་རྩེད་རོགས།
草原上的生活 陪牛羊嘻戲
རང་དགའ་རང་སྐྱིད་ལྡན་པ། ད་ཆ་ལོག་ཐབས་མིན་འདུག
與歡快做伴 可現在無法回歸
HOOK
མི་ང་ནི་གང་ནས་ཡོང་།། ད་གང་དུ་འགྲོ་མཁན་ཡིན།
我從哪裡來 要到哪裡去
མི་ང་ནི་གང་དུ་སླེབས། ད་གང་དུ་ལོག་མཁན་ཡིན།
我已到哪裡 現要回哪裡
མི་ང་ནི་སུ་ཞིག་ཡིན། ད་གང་དུ་འགྲོ་མཁན་ཡིན།
我是誰 現要去哪裡
མི་ང་ནི་ག་ནས་ཡིན། ད་གང་དུ་ལོག་མཁན་ཡིན།
我是哪裡的 現要回哪裡
VERSE.3
ང་ཚོ་ནི་དུས་རབས་གསར་པའི་གཞོན་ནུ། མ་འོངས་ཀྱི་མེ་ཏོག་ནི་ང་ཚོ་ཡིན།
我們是新時代的青年是未來的花朵
སྲོལ་རྒྱུན་གྱི་རིག་གནས་ནི་མཛེས་རྒྱན་རེད། དེང་རབས་ཀྱི་ཤེས་བྱ་ཡང་འབད་པ་ཡིས་སྦྱོངས།
以傳統文化為飾又放眼現代知識
སྙིགས་དོར་དང་བཅུད་ལེན་ལ་མཁས་པ་དགོས། ཡོད་ཚད་ལ་ལད་མོ་ནི་བྱེད་མི་ཉན།
諳悉去粗取精 無需總歸模仿
རང་ཉིད་ཀྱི་རྣམ་ཤེས་ནི་རང་ལ་དབང། སེམས་ཤུགས་མ་ཉམས་ཡིད་ཐང་མ་ཆད་མདུན་དུ་བསྐྱོད།
靈魂本來獨一無二拋棄失望堅定信心向前進
དགའ་ན་དགའ། སྐྱོ་ན་སྐྱོ། རྨི་ལམ་ཡོད་པ་བརྗེད་མི་ཉན།
或喜或悲(無論悲歡如何)不能忘記有夢想支撐
སྡུག་ན་སྡུག ཕམ་ན་ཕམ། རེ་འདུན་ཡོད་པ་བརླག་མི་ཉན།
挫敗和委屈又如何 我們立志前行
དཀའ་ན་དཀའ། འགྱེལ་ན་འགྱེལ། སླར་ཡང་ལངས་ནས་མདུན་ལ་བསྐྱོད།
苦也行 倒亦罷 重新站起向前走
ཤི་ན་ཤི། གསོན་ན་གསོན། རྣམ་ཤེས་བརླགས་ན་བློ་རེ་ཕམ།
死也罷 活也罷 不要辜負了靈魂
ཡིན་ནི་མ་སྐྱོ སེམས་པ་མ་སྡུག བློ་ནམ་ཡང་མ་པམ།
如果這樣 不要傷心 不要丟了信念
སློབ་སྐྱོང་བྱེད་དང་ འཛིན་སྐྱོང་བྱེད་དང་། དེ་བས་གསར་གཏོད་དོགས།
學習吧 努力吧 不斷創新
དཀའ་ལས་ཞིག་བརྒྱབ་ རྔུལ་ཆུ་ཞིག་བཏོན། མིག་ཆུ་མ་གཏོང་རོགས།
加油吧 付出汗水 不要流淚
སེམས་ལ་གཞོག་དང་། ཡོད་ལ་ངེས་རོགས། འབད་པའི་ལས་ལ་བརྩོན།
放在心上 盡全部力量 不要輕易放棄
རྨི་ལམ་བཟང་པོ་རྨི་ལམ་བཟང་པོ་ནམ་ཞིག་ཁྱེད་ལ་རྨིས།
好夢 好夢 讓你做個好夢
འབྲས་བའི་གཏམ་བཟང་འབྲས་བའི་གཏམ་བཟང་ནམ་ཞིག་ཁྱེད་ལ་དབང་།
好訊息 好訊息 給你一個驚喜
HOOK
མི་ང་ནི་གང་ནས་ཡོང་།། ད་གང་དུ་འགྲོ་མཁན་ཡིན།
我從哪裡來 要到哪裡去
མི་ང་ནི་གང་དུ་སླེབས། ད་གང་དུ་ལོག་མཁན་ཡིན།
我已到哪裡 現要回哪裡
མི་ང་ནི་སུ་ཞིག་ཡིན། ད་གང་དུ་འགྲོ་མཁན་ཡིན།
我是誰 現要去哪裡
མི་ང་ནི་ག་ནས་ཡིན། ད་གང་དུ་ལོག་མཁན་ཡིན།
我是哪裡的 現要回哪裡