朽邁之歌歌詞

添加日期:2023-12-15 時長:03分06秒 歌手:希爾鮑

རྒ་བའི་གླུ།
ཚིག འབྲོག་བུ་དཀོམ་བཀྲ།
དབྱངས། ཞེད་པོ།
གཞས་པ། ཞེད་པོ། སྤུ་ཤེར།
ཉེས་པའི་སྡིག་སྒྲིབ་འདི་ལ་ཟད་པ་མེད་ཀྱང་།
སྨྲེང་བའི་སྨུག་ལོང་འདི་ལ་དྭངས་མཐའ་དཀའ་རུང་།
འོད་ཀྱི་གོང་བུ་ལྟ་བུའི་གཟི་ཁྲ་དེ་ཡིན།
ཡེ་ཡི་ཡེ་ཡི་སྙིང་སྡུག་ལགས།
ཡེ་ཡི་ཡེ་ཡི་སྙིང་སྡུག
ཆུ་ནི་མཚོ་ལ་ཆགས་ཏེ།
སྐལ་བའི་གཏིང་རིམ་བཤགས་སོང་།
ཚེ་འདིའི་ལ་མགོར་བསླེབས་ཡོད།
༼མི་ནི་འཕྲུལ་འཁོར་དང་སྡོད་ཁང་གི་བྲན་དུ་གྱུར་ཏེ།
ནམ་རྒྱུན་ཞེ་ལ་ཐོགས་པའི་འཆི་བ་བརྗེད།
དངུལ་ལོར་དང་དབང་ཤུགས་ཀྱི་གཡོག་ཏུ་ཚུད་དེ།
ལམ་གྱི་འདུན་མ་འཚོལ་བའི་ཡི་ག་འགག
མི་ནི་འདོད་སྲེད་ཀྱི་མེ་ལྕེས་ངར་ཏེ།
བརྩེ་བའི་འཕྲིན་པ་འབྲི་བའི་དུས་ཚོད་ཟད།
ཀྭ་ཡེ། སྙིང་ཉེ།
བསྡད་ཀྱིན་བསྡད་ཀྱིན།
བར་ཐག་རིང་བའི་རྨི་ལམ་ནང་གི་སྨིག་རྒྱུའི་རི་དྭགས།
ངའི་རྣམ་ཤེས་ཀྱི་ལྗོན་པ་ཁེར་རྐྱང་དུ་གྱུར་ཏེ།
ཁྱོད་ཀྱི་ལག་ཟུང་འཇམ་པོས།
ང་ལ་དྲོན་པོའི་གོས་ཤིག་འཚེམ་རོགས།༽
འཁོར་བའི་བྱེ་ཐང་འདི་ལ་མུ་མཐའ་དབེན་ཡང་།
སྒྱུ་མའི་འཚོ་བ་འདི་ལ་གཏད་སོ་ཆུང་རུང་།
ང་ནི་ཁྱོད་ཀྱི་གྲིབ་མའི་ནང་གི།
རླུང་གི་རྣམ་ཤེས་ལྟ་བུའི་རྡུལ་ཕྲན་དེ་ཡིན།
ཡེ་ཡི་ཡེ་ཡི་སྙིང་སྡུག་ལགས།
ཡེ་ཡི་ཡེ་ཡི་སྙིང་སྡུག
མི་ཡི་བློ་ཁ་འགྱུར་ཏེ།
ལས་ཀྱི་མེ་ལོང་གས་ཀྱང་།
སེམས་ཀྱི་ལན་བུ་ནག་པོ།
དྲན་པའི་རྟེན་དུ་ཉར་ཡོད།
གཙང་ཕུན་དབང་གིས་གཞས་ཚིག་སྒྲིག་བཟོ་བྱས་ཏེ་ཡར་སྤྲད།
སྐད་འཕྲིན་སྤྱི་སྟེགས། Tibetansoft
བཀྲ་ཤིས་བདེ་ལེགས།།
更多>

喜歡【希爾鮑】您也可能喜歡TA們的歌詞…

更多>

最新歌詞