生活歌詞

添加日期:2023-12-11 時長:03分08秒 歌手:拉巴扎西

作曲 : 拉巴扎西
作詞 : 拉巴扎西
ཚིག། ལྷག་པ་བཀྲ་ཤིས།
གདངས། ལྷག་པ་བཀྲ་ཤིས།
ལེན་མཁན། ལྷག་པ་བཀྲ་ཤིས།
ཡིག་སྒྱུར།  ལྷག་པ་བཀྲ་ཤིས།
རོལ་དབྱངས་སྒྲིག་བཟོ།  ངག་དབང་ཉི་མ།
སྒྲ་ཕབ།  བཀྲ་ཤིས་དོན་གྲུབ།
མིའི་མི་ཚེ་ཟེར་བ་འདི་ནི་སྐྱིད་གསུམ་སྡུག་གསུམ་རེད།
དེ་རིང་པོ་རིང་པོ་ཟེར་ཡང་ཐུང་ཐུང་རེད།
དེ་སྟབས་བདེ་ཡིན་ཟེར་ཀྱང་རྙོག་འཛིང་དེ་ལ་ཡོད།
དེ་བདེ་སྐྱིད་རེད་ཟེར་ཡང་སྡུག་བསྔལ་དེ་ལ་ཡོད།
ཁ་ཤས་ཀྱི་འབད་བརྩོན་བྱེད་གིས།
ཁ་ཤས་ཀྱི་སྤྲེལ་ལས་འཁྲབ།
ཁ་ཤས་ཀྱི་བརྩི་འཇོག་བྱེད་གིས།
ཁ་ཤས་ཀྱི་སྣང་མེད་བཏང་།
ཁ་ཤས་ཀྱི་བསྟོད་བསྔགས་གཏང་གིས།
ཁ་ཤས་འཕྱ་སྨོད་བྱས།
ཁ་ཤས་གྱི་གད་མོ་བགད་གྱིས།
ཁ་ཤས་མིག་ཆུ་བཏང་།
འདི་ནི་ལས་ཀ   འདི་མེ་ཚེའི་ལས་ཀའི་བྱེད་སྟངས་རེད་ཟེར།
འདི་ནི་ལས་རེད།   འདི་སྤྱི་ཚོགས་འདིའི་འགྲོ་སྟངས་རེད་ཟེར།
ན་ར་ན་ར།~
ཁ་ཤས་ཀྱི་སྡུག་པོ་མྱང་གིས།
ཁ་ཤས་སྐྱིད་པོ་བྱས།
ཁ་ཤས་ཀྱི་གྲོན་ཆུང་བྱེད་ཀྱིས།
ཁ་ཤས་འཕྲོག་བརླག་བཏང་།
ཁ་ཤས་ཀྱི་བརྩེ་དུང་སྤྲད་གིས།
ཁ་ཤས་མགོ་སྐོར་བཏང་།
ཁ་ཤས་ཀྱི་དགེ་བ་སྒྲུབ་གིས།
ཁ་ཤས་སྡིག་པ་བསགས།
འདི་ནི་འཚོ་བ། འདི་མི་ཚེའི་ཡི་འཚོ་བའི་སྐྱེལ་སྟངས་རེད་ཟེར།
འདི་ནི་འཚོ་བ།  འདི་ནི་མི་ཚང་མའི་འགྲོ་སྟངས་རེད་ཟེར།
ན་ར་ན་ར།~
更多>

喜歡【拉巴扎西】您也可能喜歡TA們的歌詞…

更多>

最新歌詞