駿馬歌詞

添加日期:2023-12-09 時長:03分55秒 歌手:才讓東珠

作詞 : 崗華
作曲 : 才讓東珠
འདོ་རིག་རྟ་ཕོའི་ལུས་ལ།།
དཔྲལ་འཛུམ་ནོར་བུ་དགའ་འཁྱིལ།།
མགྲིན་འཛུམ་ཉི་ཟླ་ཁ་སྤྲོད།།
ཨོ་ཧོ་ཧོ་་་་་་།
གསེར་སྲབ་སྐར་མ་སྟོང་ཤར།།
ཡུ་མོའི་མགོ་རྣས་བཀུག་ཡོད།།
ཨོ་་་་་་ཧོ་ཧོ་་་་་་།
འདོ་རིག་རྟ་ཕོ།། འདོ་རིག་རྟ་ཕོ།།
གསེར་སྲབ་སྐར་མ་སྟོང་ཤར།།
ཡུ་མོའི་མགོ་རྣས་བཀུག་ཡོད།།
འདོ་རིག་རྟ་ཕོའི་ལུས་ལ།།
སྤུ་རིས་འཇམ་ཤ་འཁྱུག་འཁྱུག།
རྔ་རྔོག་སྨུག་སྤྲིན་ལང་ལོང་།།
ཨོ་ཧོ་ཧོ་་་་་་།
གསེར་སྒ་མེ་རི་རང་འཁྱིལ།།
གངས་སེང་གཟུགས་ཀྱིས་བཀུག་ཡོད།།
ཨོ་་་་་་ཧོ་ཧོ་་་་་་།
འདོ་རིག་རྟ་ཕོ།། འདོ་རིག་རྟ་ཕོ།།
གསེར་སྒ་མེ་རི་རང་འཁྱིལ།།
གངས་སེང་གཟུགས་ཀྱིས་བཀུག་ཡོད།།
འདོ་རིག་རྟ་ཕོའི་ལུས་ལ།།
རྨིག་པ་དངུལ་གྱི་ཚེས་རིས།།
བང་ཁ་རླུང་གི་གཤོག་པ།།
ཨོ་ཧོ་ཧོ་་་་་་།
སྟག་ཤར་སྣང་འགྲོའི་སེམས་པ།།
ཁྱུང་ཆེན་རྩལ་གྱིས་བཀུག་ཡོད།།
ཨོ་་་་་་ཧོ་ཧོ་་་་་་།
འདོ་རིག་རྟ་ཕོ།། འདོ་རིག་རྟ་ཕོ།།
སྐྱིད་ཀྱི་འཁོར་གསུམ་སྲུང་རོགས།
སྡུག་གི་ཁྲབ་ཆེན་འཁུར་རོགས།
ཨོ་་་་་་ཧོ་ཧོ་་་་་་།
འདོ་རིག་རྟ་ཕོ།། འདོ་རིག་རྟ་ཕོ།།
སྐྱིད་ཀྱི་འཁོར་གསུམ་སྲུང་རོགས།
སྡུག་གི་ཁྲབ་ཆེན་འཁུར་རོགས།
更多>

喜歡【才讓東珠】您也可能喜歡TA們的歌詞…

更多>

最新歌詞