夕陽下的思念歌詞

添加日期:2023-12-04 時長:03分10秒 歌手:德格達擁

作詞 : 藏巴羅布
作曲 : 民間
編曲 : 格俊
錄音:饒磊、李曉鵬
弦子:斯那品初
翻譯:榮雄
དགོང་དྲོ་ཉི་མའི་འོད་ཟེར།།
དལ་པོ་ལ་ལ་ཐོན་དུས།།
དྲིན་ཆེན་ཕ་མའི་དབུ་སྒྲ།།
དཀར་པོ་དུང་ལ་གྱུར་སོང་།།
དྲིན་ཆེན་ཕ་མའི་དབུ་སྐྲ་།
དཀར་པོ་དུང་ལ་གྱུར་སོང་།།
ཁྲི་གདུག་ཉི་མའི་འོད་ཟེར།།
ནུབ་རིའི་རྩེ་ནས་བཞུད་དུས།།
དྲིན་ཆེན་ཕ་མའི་ཞལ་རས།།
ཡིད་ལ་འཁོར་འཁོར་བྱས་བྱུང་།།
དྲིན་ཆེན་ཕ་མའི་ཞལ་རས།།
ཡིད་ལ་འཁོར་འཁོར་བྱས་བྱུང་།།
ཉི་མ་ལ་ཁའི་དྲན་གསོ།།
བསམ་ན་དེ་བས་སྐྱོ་བ།།
བདག་གི་དྲིན་ཆེན་ཕ་མའི།།
སྐུ་ཚེ་བར་ཆད་མ་གཏོང་།།
བདག་གི་དྲིན་ཆེན་ཕ་མའི།།
སྐུ་ཚེ་བར་ཆད་མ་གཏོང་།།
འཇིག་རྟེན་ས་ཕྱོགས་ཀུན་གྱི།།
སྐྱེ་བོ་ཕོ་གཞོན་མོ་གཞོན།།
དྲིན་ཆེན་ཕ་མའི་བཀའ་དྲིན།།
ཡང་ཡང་འཇལ་བར་ཕེབས་ཤོག།
དྲིན་ཆེན་ཕ་མའི་བཀའ་དྲིན།།
ཡང་ཡང་འཇལ་བར་ཕེབས་ཤོག།
དྲིན་ཆེན་ཕ་མའི་བཀའ་དྲིན།།
ཡང་ཡང་འཇལ་བར་ཕེབས་ཤོག།
ཡང་ཡང་འཇལ་བར་ཕེབས་ཤོག།
更多>

喜歡【德格達擁】您也可能喜歡TA們的歌詞…

更多>

最新歌詞