曾經歌詞

添加日期:2023-12-01 時長:04分15秒 歌手:聶落西

作詞 : 阿唄平措
作曲 : 阿唄平措
ཐོག་མར་ང་སེམས་ཁྱོད་ལ་ཤོར་བ་ནས།
དུས་ནམ་ཡང་མཉམ་དུ་བྱུང་ན་བསམ།
འོན་ཀྱང་ཉིན་རེ་ཟླ་རེ་བཞིན་འགྲོ་དུས།
ག་ལེར་ག་ལེར་བརྩེ་དུང་འདིར་རིན་ཐང་མེད་པར་འགྱུར།
ཐོག་མར་ང་གཉིས་ཕན་ཚུན་དགའ་བ་ནས།
མི་ཚེ་གཅིག་མཉམ་དུ་བྱུང་ན་བསམ་
འོན་ཀྱང་ཉིན་རེ་ཟླ་རེ་བཞིན་འགྲོ་དུས།
ག་ལེར་ག་ལེར་འཚོ་བ་འདིར་སྙིང་པོ་མེད་པར་འགྱུར།
སྔོན་ཆད་ང་གཉིས་ཀྱི་བརྩེ་དུང་འདི་སུ་ཞིག་གི་བརྩེ་དུང་ལས་བདེ་སྐྱིད་ལྡན་ན་བསམ།
སྔོན་ཆད་ང་གཉིས་ཀྱི་འཚོ་བ་འདི་སུ་ཞིག་གི་འཚོ་བ་ལས་སྤྲོ་སྣང་ལྡན་ན་བསམ།
འོན་ཀྱང་ངས་བསམ་པའི་འཚོ་བ་འདི།
ངས་བསམ་པའི་མ་འོངས་འདི།
ད་ཆ་་་་གང་དུ་ཡོད།

ད་ཆ་་་་གང་དུ་ཡོད་
更多>

喜歡【聶落西】您也可能喜歡TA們的歌詞…

更多>

最新歌詞