思念的呼喚歌詞

添加日期:2023-09-16 時長:04分31秒 歌手:多扎西

多扎西 - 思念的呼喚
詞:根呷
曲:根呷
ནམ་མཁའི་ཟླ་བ་ཤར་དུས། ། ང་ཡི་ཨ་མ་དྲན་སོང་། །
ཨ་མ་ཨ་མ་འབོད་ཀྱང་། ། ལན་པ་བརྒྱབ་མཁན་མི་འདུག །
ཨ་མའི་ཕྱོགས་ཀྱི་ཟླ་འོད། ། སྤྲིན་པས་བཀབ་པ་ཨེ་རེད། །
ཨ་མ་ཨ་མ་འབོད་ཅིང་། ། མིག་མཐའ་མཆི་མས་བསྐོར་སོང་། །
ནམ་མཁའི་ཉི་མ་ཤར་དུས། ། ང་ཡི་ཨ་ཕ་དྲན་སོང་། །
དྲིན་ཅན་ཨ་ཕའི་སྐུ་དྲིན། ། ནམ་ཡང་བརྗེད་ཐབས་མི་འདུག །
མདང་སུམ་རྨི་ལམ་ནང་ནས། ། ཨ་ཕའི་ཞལ་ངོ་མཇལ་སོང་། །
ཨ་ཕས་འཛུམ་མོ་བསྟན་ནས། ། ཐོད་པ་གཏུགས་པ་རྨིས་བྱུང་། །
རྩྭ་ཐང་མེ་ཏོག་འཁྲུངས་དུས། ། ང་ཡི་བྱམས་པ་དྲན་སོང་། །
ང་ཡིས་དྲན་པའི་གླུ་དབྱངས། ། ཁྱོད་ཀྱིས་གོ་བ་ཨེ་རེད། །
རྩྭ་ཐང་སྟེང་གི་མེ་ཏོག ། ལྷ་བྱ་ཁུ་བྱུག་བབས་སོང་། །
གསུང་སྐད་སྙན་མོ་གྲགས་དུས། ། ང་ཡི་བྱམས་པ་དྲན་བྱུང་། །
更多>

喜歡【多扎西】您也可能喜歡TA們的歌詞…

更多>

最新歌詞