思鄉曲歌詞

添加日期:2023-09-07 時長:03分16秒 歌手:奪瑪.文次鬧布

作詞 : 白日 /尼瑪堅贊
作曲 : 思塔多傑
སྒྲ་ལེན་།བསྲེས་སྒྲ་། ལུ་ཀྲོ་།
གཞས་གདངས་མཉམ་སྡེབ་། ཅན་ཆིང་།
དབྱངས་སྒྲིག་མཁན་། ཅན་ཆིང་།
ལེན་མཁན་། མདོ་མ•དབང་ཕྱུག་ནོར་བུ་།
ཉི་མ་དམར་སེར་རི་བོའི་རྒྱབ་ཏུ་ལྷུང་།
ཆུ་བོ་སྙོག་པ་རྒྱང་ནས་རྒྱང་དུ་བཞུར་།
བྲེལ་གྱིས་འགྲོ་བའི་ནམ་མཁའི་སྤྲིན་པ་དེས་།
ཕ་ཡུལ་ཕྱོགས་ལ་འགྲོ་བའི་འདུན་པ་སྐྱེས་།
མཚན་མོའི་ཟླ་འོད་སྒེའུ་ཁུང་ངོས་སུ་ཕོག་།
ལྕང་མའི་ལོ་མ་རླུང་བུ་ཕར་ཚུར་གཡོས་།
རྒྱང་དུ་གྱེར་བའི་ས་མཐའི་འཁྱམས་པོ་དེས་།
རང་ཡུལ་དྲིན་ཆེན་ཡང་ཡང་སེམས་ལ་འཁོར་།
ཨ་ལ་ལ་མོ་ཨ་ལ་ལེན་།
ཐ་ལ་ལ་མོ་ཐ་ལ་ལེན་།
རྒྱང་དུ་གྱེར་བའི་ས་མཐའི་འཁྱམས་པོ་དེས་།
རང་ཡུལ་དྲིན་ཆེན་ཡང་ཡང་སེམས་ལ་འཁོར་།
ཉི་མ་དམར་སེར་རི་བོའི་རྒྱབ་ཏུ་ལྷུང་།
ཆུ་བོ་སྙོག་པ་རྒྱང་ནས་རྒྱང་དུ་བཞུར་།
བྲེལ་གྱིས་འགྲོ་བའི་ནམ་མཁའི་སྤྲིན་པ་དེས་།
ཕ་ཡུལ་ཕྱོགས་ལ་འགྲོ་བའི་འདུན་པ་སྐྱེས་།
མཚན་མོའི་ཟླ་འོད་སྒེའུ་ཁུང་ངོས་སུ་ཕོག་།
ལྕང་མའི་ལོ་མ་རླུང་བུ་ཕར་ཚུར་གཡོས་།
རྒྱང་དུ་གྱེར་བའི་ས་མཐའི་འཁྱམས་པོ་དེས་།
རང་ཡུལ་དྲིན་ཆེན་ཡང་ཡང་སེམས་ལ་འཁོར་།
ཨ་ལ་ལ་མོ་ཨ་ལ་ལེན་།
ཐ་ལ་ལ་མོ་ཐ་ལ་ལེན་།
རྒྱང་དུ་གྱེར་བའི་ས་མཐའི་འཁྱམས་པོ་དེས་།
རང་ཡུལ་དྲིན་ཆེན་ཡང་ཡང་སེམས་ལ་འཁོར་།
འོ་ཧོའུ་་་་ཡེ་ཡས་ཡེ་་་་
འོ་ཧོའུ་་་་ཡེ་ཡས་ཡེ་་་་
ངའི་ཕ་ཡུལ་ངའི་ཕ་ཡུལ་དྲན་།
ངའི་ཕ་ཡུལ་ངའི་ཕ་ཡུལ་དྲན་།
ཨ་ལ་ལ་མོ་ཨ་ལ་ལེན་།
ཐ་ལ་ལ་མོ་ཐ་ལ་ལེན་།
རྒྱང་དུ་གྱེར་བའི་ས་མཐའི་འཁྱམས་པོ་དེས་།
རང་ཡུལ་དྲིན་ཆེན་ཡང་ཡང་སེམས་ལ་འཁོར་།
རང་ཡུལ་དྲིན་ཆེན་ཡང་ཡང་སེམས་ལ་འཁོར་།
འོ་ཧོའུ་་་
更多>

喜歡【奪瑪.文次鬧布】您也可能喜歡TA們的歌詞…

更多>

最新歌詞