同學歌詞

添加日期:2023-08-17 時長:03分17秒 歌手:索南昂秀

索南昂秀 - 同學
作詞:嘎·才本
作曲:才讓多傑
原唱:紗爾希:索南昂秀
錄音師: 普瓦傑
MTDT伴奏:謝爾巴
音樂宣傳:謝旦貼吧工作室
ལས་ཀྱིས་འཕྲད་པའི་ན་ཚོད་གཅིག་པའི་དཔུང་སྡེ།།
སེམས་ཀྱིས་མྱངས་བའི་ཞེ་འདང་ཅན་གྱི་ནང་གྲོགས།།
དུས་ཀྱི་དབང་གིས་རང་རང་ས་རུ་གྱེས་རུང་།
བརྩེ་བ་མི་འགྱུར་རྡོ་རྗེ་བྲག་ལ་བརྐོས་ཡོད།།
དགའ་སྡུག་གི་ཚོར་བ་བཞུར་ས།སློབ་གྲོགས་ཚོ་ནམ་ཡང་ངའི་ཡ་ཆུང་ཁོག་ན་ཡོད།
སློབ་ཁང་གྲུ་བཞིའི་སྒེའུ་ཁུངས་རེ་རེའི་ངོས་སུ།།
ལང་ཚོས་བྲིས་པའི་བརྩེ་བའི་རི་མོ་མངོན་ཡོད།།
ཕྱིར་དྲན་སེམས་ཀྱི་གཏིང་གི་གཏིང་ལ་ཕོག་དུས།།
མཐུན་པའི་ཨ་ལོང་ངང་ངམ་ཤུགས་ཀྱིས་དམ་འགྲོ།།
དགའ་སྡུག་གི་ཚོར་བ་བཞུར་ས།སློབ་གྲོགས་ཚོ་ནམ་ཡང་ངའི་ཡ་ཆུང་ཁོག་ན་ཡོད་།
ཁྲོ་བའི་གདོང་ནས་མེ་རི་དམར་པོ་བྲིས་མྱོང་།།
སྤྲོ་བའི་ངང་ནས་ཁུ་བྱུག་གསུང་སྙན་གྲགས་མྱོང་།
སྐྱིད་སྡུག་རེས་མོ་རྨི་ལམ་མོད་པོའི་རྗེས་སུ།།
དུང་བའི་མི་དེ་སྔར་བཞིན་ཁྱེད་རང་ཡིན་སོང་།།
དགའ་སྡུག་གི་ཚོར་བ་བཞུར་ས། སློབ་གྲོགས་ཚོ་ནམ་ཡང་ངའི་ཡ་ཆུང་ཁོག་ན་ཡོད།
更多>

喜歡【索南昂秀】您也可能喜歡TA們的歌詞…

更多>

最新歌詞