遠程歌詞

添加日期:2023-08-04 時長:03分20秒 歌手:萬瑪才旦

作詞 : 野·熱崗
作曲 : 三智才讓
編曲 : 謝爾巴
གཞས་ཚིག•གཡེ་རུས་རྐང་།
གཞས་གདངས•མགར:བསམ་འགྲུབ་ཚེ་རིང་།
གཞས་པ•པདྨ་ཚེ་བརྟན།
རོལ་མོ་སྒྲིག་བཟོ་མཁན། ཤེར་བྷ།
སྒྲ་ཕབ་དང་ཞིབ་སྦྱོར་མཁན། འབྲུག་ཆུང་རྒྱལ།

འཇིག་རྟེན་དཀའ་སྡུག་རེ་རེ་རྒྱབ་ཏུ་གཡུགས་ནས།
འགྲོ་ལམ་ཇི་འདྲ་རིང་ཡང་ལམ་ལ་འགྲོ།
འཁོར་བའི་ལམ་ནི་དཀའ་སྡུག་གཉིས་ཀྱིས་གྲུབ།
མི་ཁས་འགྲོ་ལམ་བཅད་ཀྱང་ལམ་ལ་འགྲོ།
འཚོ་བར་གནོན་ཤུགས་ཆེ་ཡང་ལམ་ལ་འགྲོ།
འཁོར་བའི་རྨི་ལམ་རེ་རེའི་འཇིགས་པ་གཏོར་ནས།
མི་ཚེའི་ཕམ་ཁ་རེ་རེ་རྒྱབ་ཏུ་སྐྱུར་ནས།
རྒྱང་ནས་རྒྱང་ལ་འགྲོ།
རྒྱང་ནས་རྒྱང་ལ་འགྲོ།

འཁོར་བའི་དགའ་སྐྱོ་རེ་རེ་མདུན་དུ་བསུས་ནས།
མི་ཚེ་རིང་ཡང་ཐུང་ཡང་ལམ་ལ་འགྲོ།
འཁོར་བའི་ལམ་ནི་བཟང་ངན་གཉིས་ཀྱིས་གྲུབ།
རྒྱབ་ནས་འདེད་ནི་མེད་ཀྱང་ལམ་ལ་འགྲོ།
སྔོན་ནས་འཐེན་ནི་མེད་ཀྱང་ལམ་ལ་འགྲོ
གཡོ་སྒྱུའི་འཛུམ་བག་རེ་རེ་རྒྱབ་ཏུ་བསྐྱུར་ནས།
འཁོར་བའི་རེ་ཆད་རེ་རེ་རྒྱང་དུ་གཡུགས་ནས།
རྒྱང་ནས་རྒྱང་ལ་འགྲོ།
རྒྱང་ནས་རྒྱང་ལ་འགྲོ།
སྔོན་ནས་འཐེན་ནི་མེད་ཀྱང་ལམ་ལ་འགྲོ
གཡོ་སྒྱུའི་འཛུམ་བག་རེ་རེ་རྒྱབ་ཏུ་བསྐྱུར་ནས།
འཁོར་བའི་རེ་ཆད་རེ་རེ་རྒྱང་དུ་གཡུགས་ནས།
རྒྱང་ནས་རྒྱང་ལ་འགྲོ།
རྒྱང་ནས་རྒྱང་ལ་འགྲོ།
更多>

喜歡【萬瑪才旦】您也可能喜歡TA們的歌詞…

更多>

最新歌詞