二十一度母讚歌詞
添加日期:2023-05-12 時長:12分58秒 歌手:周毛嘉
ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།།嗡 尊者聖救度母我頂禮
ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ།། སྤྱན་ནི་སྐད་ཅིག་གློག་དང་འདྲ་མ།།禮敬度母奮迅母 目如剎那電光照
འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི།། གེ་སར་བྱེ་བ་ལས་ནི་བྱུང་མ།།三世界尊蓮華中 花蕊綻放現端嚴
ཕྱག་འཚལ་སྟོན་ཁའི་ཟླ་བ་ཀུན་ཏུ།། གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ།།禮敬百秋朗月母 普遍圓滿迭輝面
སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས།། རབ་ཏུ་ཕྱེ་བའི་འོད་རབ་འབར་མ།།如千星宿俱聚集 燦然閃爍更明耀
ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱིས།། པདྨའི་ཕྱག་ནི་རྣམ་པར་བརྒྱན་མ།།禮敬水生青蓮母 妙手持蓮相莊嚴
སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ།། བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ།།布施精進息苦行 忍辱禪定所行境
ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར།། མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ།།禮敬如來頂髻母 無邊尊勝行持母
མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི།། རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ།།無餘彼岸悉已達 佛子盡悉極親炙
ཕྱག་འཚལ་ཏུ་ཏ་ར་ཧཱུཾ་ཡི་གེས།། འདོད་དང་ཕྱོགས་དང་ནམ་མཁའ་གང་མ།།禮敬都達Ra吽字 摯愛方所滿虛空
འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ།། ལུས་པ་མེད་པར་འགུགས་པར་ནུས་མ།།運足遍履七世界 悉能鉤攝盡無餘
ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ།། རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ།།禮敬自在供養母 供諸釋火梵風神
འབྱུང་བོ་རོ་ལངས་དྲི་ཟ་རྣམས་དང༌།། གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ།།部多起屍尋香等 諸藥叉眾所面贊
ཕྱག་འཚལ་ཊད་ཀྱིས་བྱ་དང་ཕཊ་ཀྱིས།། ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ།།禮敬名遮作呸母 於彼施惡極摧壞
གཡས་བསྐུམས་གཡོན་བརྐྱངས་ཞབས་ཀྱིས་མནན་ཏེ།། མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ།།展左蜷右作足蹋 焰光熾盛極明耀
ཕྱག་འཚལ་ཏུ་རེའི་འཇིགས་པ་ཆེན་མོ།། བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ།།禮敬都咧大怖母 兇猛魔父鹹摧毀
ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད།། དགྲ་བོ་ཐམས་ཅད་མ་ལུས་གསོད་མ།།妙蓮華面蹙顰眉 一切怨敵無餘摧
ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི།། སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ།།禮敬三寶志印母 手指當心相端嚴
མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པའི།། རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ།།無餘方輪為嚴飾 自身光聚極熾盛
ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི།། དབུ་རྒྱན་འོད་ཀྱི་ཕྲེང་མ་སྤེལ་མ།།禮敬歡悅威德母 頂嚴光鬘更迭飾
བཞད་པ་རབ་བཞད་ཏུ་ཏ་ར་ཡིས།། བདུད་དང་འཇིག་རྟེན་དབང་དུ་མཛད་མ།།展顏喜笑都大Ra 世間魔類悉攝伏
ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས།། ཐམས་ཅད་འགུགས་པར་ནུས་མ་ཉིད་མ།།禮敬守護大地母 悉能鉤召諸地祗
ཁྲོ་གཉེར་གཡོ་བ་ཡི་གེ་ཧཱུཾ་གིས།། ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ།།顰眉撼動字母吽 一切貧困悉渡脫
ཕྱག་འཚལ་ཟླ་བའི་དུམ་བས་དབུ་བརྒྱན།། བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ།།禮敬頂嚴碎月母 諸飾現勝妙嚴光
རལ་བའི་ཁྲོད་ན་འོད་དཔག་མེད་ལས།། རྟག་པར་ཤིན་ཏུ་འོད་རབ་མཛད་མ།།阿彌陀佛髻中現 常放眾妙寶光明
ཕྱག་འཚལ་བསྐལ་བའི་ཐ་མའི་མེ་ལྟར།། འབར་བའི་ཕྲེང་བའི་དབུས་ན་གནས་མ།།禮敬如盡劫火母 安住熾盛火鬘中
གཡས་བསྐྱངས་གཡོན་བརྐུམས་ཀུན་ནས་སྐོར་དགའི།། དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ།།展右蜷左普歡愉 善能摧毀怨敵軍
ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི། མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ།།禮敬手按大地母 以足踐蹋作鎮壓
ཁྲོ་གཉེར་སྤྱན་མཛད་ཡི་གེ་ཧཱུཾ་གིས།། རིམ་པ་བདུན་པོ་རྣམས་ནི་འགེམས་མ།།現顰眉相以吽字 七重地府鹹摧伏
ཕྱག་འཚལ་བདེ་མ་དགེ་མ་ཞི་མ།། མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ།།禮敬樂善寂靜母 涅盤寂滅所行境
སྭ་ཧཱ་ཨོཾ་དང་ཡང་དག་ལྡན་པའི།། སྡིག་པ་ཆེན་པོ་འཇོམས་པ་ཉིད་མ།།梭哈嗡等極清淨 善能摧毀大罪惡
ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི།། དགྲ་ཡི་ལུས་ནི་རྣམ་པར་འགེམས་མ།།禮敬普出極喜母 善能擊碎怨敵身
ཡི་གེ་བཅུ་བའི་ངག་གི་བཀོད་པའི།། རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ།།十字咒句妙嚴布 明咒吽化度母身
ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས།། ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ།།禮敬都咧足躡母 吽字相勢為種字
རི་རབ་མནྡྷ་ར་དང་འབིགས་བྱེད།། འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ།།須彌曼陀及賓陀 三世間悉能撼搖
ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི།། རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ།།禮敬天海相勢母 手中執持神獸志
ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས།། དུག་རྣམས་མ་ལུས་པ་ནི་སེལ་མ།།達Ra誦二以呸字 諸毒無餘悉淨除
ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་བོ།། ལྷ་དང་མི་འམ་ཅི་ཡིས་བསྟེན་མ།།禮敬諸天眾王母 天人非人鹹依止
ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས།། རྩོད་དང་རྨི་ལམ་ངན་པ་སེལ་མ།།普出歡悅威德鎧 消弭爭鬥與惡夢
ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི།། སྤྱན་གཉིས་པོ་ལ་འོད་རབ་གསལ་མ།།禮敬日月廣圓母 雙目炯然極明澈
ཧ་ར་གཉིས་བརྗོད་ཏུ་ཏ་ར་ཡིས།། ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ།།哈Ra誦二都達Ra 善除兇猛瘟疫病
ཕྱག་འཚལ་དེ་ཉིད་གསུམ་རྣམས་བགོད་པས།། ཞི་བའི་མཐུ་དང་ཡང་དག་ལྡན་མ།།禮敬三諦莊嚴母 如實具足寂靜力
གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས།། འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ།།邪魔起屍藥叉眾 都咧最勝悉滅除
རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང་།། ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག།།此乃讚頌根本咒 禮敬文共二十一
Thus concludes this praise of the root mantra and the offering of the twenty-one homages.(漢文翻譯源自網路)