妥巴嘎歌詞

添加日期:2023-03-22 時長:03分39秒 歌手:桑傑才讓

作詞 : 瓊藏
作曲 : 桑傑才讓
編曲:毛延隆
錄音/混音:阿成仁
ཚིག ཁྱུང་བཟང་།
དབྱངས། སངས་རྗེ་ཚེ་རིང་།
སྒྲིག་བཟོ། མོ་ཡན་ལུང་།
ལེན་མཁན། སངས་རྗེ་ཚེ་རིང་།
ཁྱོད་དང་པོ་གསེར་གྱི་རལ་བ་འོད་མདངས་ཀྲིག་ཀྲིག
བར་དུ་ཤིག་དང་སྲོ་མའི་ཚང་མལ། ཨོ།
མཐའ་མར་ཡུམ་གྱི་རེ་འདོད་བསྐངས་པའི་དཔའ་བོ་ཁེར་རྒྱུག
ཨོ། བཙན་པོའི་གཉའ་ལ་བབས་པའི་གནམ་ལྕགས་ཐོག་མདའ་ཡིན།
བརྙས་དམོད་ཁྱད་གསོད་དང་དཀར་ནག་གོ་ལྡོག་གི་ཐོང་ནས་ཧར་གྱིས་བཞེངས་ཏེ།
སྡིགས་མཛུབ་གཅིག་གིས་སྨྱོ་ཧམ་ཞྭ་མོ་ཚལ་བ་དགུ་རུ་གཏོར་བར་བྱས། ཨོ།
མང་བའི་དམག་ལས་ཐུ་བ་ཁྱེད་རང་ལགས།
ཨོ། སྡུག་གི་གཏམ་རྒྱུད་རིང་མོ།
ཨོ། སྐྱིད་གི་ཨ་ཡིག་དཀར་པོ།
ཨོ། སྡུག་གི་གཏམ་རྒྱུད་རིང་མོ།
ཨོ། སྐྱིད་གི་ཨ་ཡིག་དཀར་པོ།
༇༞༞༞༞༞།།
ཁྱོད་དང་པོ་འགྱོད་སེམས་དྲག་པོའི་རྦ་རླབས་ཆལ་ཆིལ།
བར་དུ་བརྒལ་བ་རྨ་ཡི་གྲོང་ཁྱེར། ཨོ།
མཐའ་མར་བླ་མའི་ཐུགས་ཀྱིས་ཟིན་པའི་རྣལ་འབྱོར་དབང་ཕྱུག
ཨོ། ཆགས་སྡང་རྒྱ་ལས་ཤོར་བའི་གངས་ཀྱི་སེང་གེ་ཡིན།
འོད་གསལ་གཉུག་མ་དང་སྣང་སྟོང་ཟུང་འཇུག་གི་སྦུབ་ནས་མགུར་དབྱངས་འཐེན་ཏེ།
བདེན་པའི་ཚིག་གིས་རྨོངས་པའི་སེམས་ཅན་ངན་འགྲོའི་གཡང་ལས་སྐྱོབ་པར་བྱས། ཨོ།
བཙན་པའི་མཐུ་ལས་མྱུར་བ་ཁྱེད་རང་ལགས།
ཨོ། སྡུག་གི་གཏམ་རྒྱུད་རིང་མོ།
ཨོ། སྐྱིད་གི་ཨ་ཡིག་དཀར་པོ།
ཨོ། སྡུག་གི་གཏམ་རྒྱུད་རིང་མོ།
ཨོ། སྐྱིད་གི་ཨ་ཡིག་དཀར་པོ།
ཨོ། སྡུག་གི་གཏམ་རྒྱུད་རིང་མོ།
ཨོ། སྐྱིད་གི་ཨ་ཡིག་དཀར་པོ།
ཨོ། སྡུག་གི་གཏམ་རྒྱུད་རིང་མོ།
ཨོ། སྐྱིད་གི་ཨ་ཡིག་དཀར་པོ།
更多>

喜歡【桑傑才讓】您也可能喜歡TA們的歌詞…

更多>

最新歌詞