Oxygen歌詞
添加日期:2021-03-19 時長:03分18秒 歌手:Ozadu.Music
>>>Oxygen
Cell:ཞོགས་པའི་ཉི་མ་ཡར་ཤར་ རང་ཁ་བྲལ་པའི་ཉི་མ་དང་པོ་
ཤ་ཁ་ཁ་ གྲི་སོ་སོ་
རྗེས་མའི་ལམ་འདིའི་སྒང་ལ་ང་རང་ཅིག་པོ་
ཁ་བཤད་ཆུ་ཡི་ལྦུ་བ་ ལག་ལེན་ཏང་པ་གསེར་གྱི་ཐིགས་པ་
ད་འགྲིག་ཞག་ མཚམས་ཞག་ན་ཏག་ཏག་
རྒྱབ་བལྟས་མ་བྱེད་ འོ་འདུག་ཟེ་དབྱུགས་ཞག་
༢༠༡༢ལོའི་ཟླ་བ་༨ཚེས་༡༢
ང་གཉིས་མཐའ་ལ་སྐོར་བྱས་བསྡད་པ་འདི་ནི་
བརྩེ་དུང་དང་བདེ་སྐྱིད་
མི་གཞན་གྱི་ལྟ་བ་ལྟ་སྟངས་ཡ་མ་བྱེད་པ་འདི་ནི་ང་གཉིས་
ད་ལྟ་ཁ་བྲལ་ཚར་རྗེས་
སོ་སོའི་ལམ་ཀག་ཁ་ཀག་ལ་ཕྱིན་པའི་གད་སྙིགས་
རང་ཉིད་དང་ང་གཉིས་བར་གྱི་
འདེམས་ཅུག་དྲི་གཞི་འདི་བྲིས་
ཟླ་བ་ཁ་ཤས་ནང་ལ་
གནས་ཚུལ་ཁ་ཤས་ལྷག་པ་འདི་དཔེ་མ་སྲིད་
སེམས་པའི་ནང་ལ་
རྡོག་ཁྲེས་མང་པོ་འཁྱེར་པ་འདི་ད་དུང་ལྗི་ཏིག་ཏིག་
རེད་ད་ཁོ་ཚོས་བཤད་པ་ནང་ཞིན་
ཚང་མ་ངས་ནོར་པ་ཡིན་གྱ་རེད་
ཁ་བཤད་ཆུ་ཡི་ལྦུ་བ་ ལག་ལེན་ཏང་པ་གསེར་གྱི་ཐིགས་པ་
ད་འགྲིག་ཞག་ མཚམས་ཞག་ན་ཏག་ཏག་
རྒྱབ་བལྟས་མ་བྱེད་ འོ་འདུག་ཟེ་དབྱུགས་ཞག་
བརྩེ་དུང་འཁོར་ལོ་འདིའི་ནང་
སུས་ཁོང་ཁྲོ་མང་བ་སློང་ཡོད་ན་
ཁ་ཕྱོགས་ནོར་ཀྱོག་མོ་ཌ་འདི་
སུས་མང་བ་གཏོང་ཡོད་ན་
རྩྭ་གཅིག་ལ་མེ་ཤོར་དུས་
ཕུ་བརྒྱབ་ནས་བསད་དགོས་བསམ་
མེ་གཅིག་ལ་ཕུ་གཅིག་བརྒྱབ་དུས་
རིམ་བཞིན་ཡིད་དང་བསམ་པ་འདི་ཕམ་
རང་གྱི་མིག་ཆུ་ཆར་པ་བབས་རྗེས་ང་ལ་འཐམ་
every time when you know
I can't make you smile all the time
བྱས་ཙང་ མཚམས་ཞག་
ཆོ་མེད་སྡུག་གུ་མྱུང་ཙམ་མྱང་
དབྱུགས་ཞག་
ལས་མེད་ཞྭ་མོ་ནག་པོ་འདི་སྤངས་
རང་ཧང་སངས་པ་
འདི་ང་ལ་ལྟ་བ་ལྟ་སྟངས་
ང་གཉིས་མཚམས་ཞག་པ་
འདི་ཁ་ཀག་ཡིན་པའི་དཔང་རྟགས་
དགོངས་པ་མ་ཚོམ་
སྐད་ཆས་སེམས་ཐག་གཅོད་པའི་མཇུག་འབྲས་
ང་རང་ནུབ་ཕྱོགས་ཟམ་སྟེང་བསྐྱོད་བཞིན་ཡོད
་རང་ཉི་འོད་ལམ་དུ་ཐད་
རང་གྱི་གད་མོ་དགོད་པའི་སྐད་
ངས་དྲན་ཤེས་བྱེད་རྗེས་བསྡད་
རང་ཉོབ་རྗེས་ཐོམ་རྗེས་བསྡད་
ངས་རང་ལ་ཆོབ་བཤད་
ད་ཆ་ང་གཉིས་ཁོ་ཚོའི་སྐད་ཆའི་ནང་གི་
ཆོབ་ཆག་རྗེས་བཤད་
ཐང་ཁུག་འདི་ནས་མར་དོན་ཐུབ་ན་
ང་གཉིས་ཚོག་བསགས་པའི་ལས་
འཆམ་དུས་ཙམ་པར་སྤོ་བོ་དང་རྨོ་བོ་
རྩོད་པ་ཤོར་དུས་ཀྱེ་དང་རྨད་
བསམ་བློ་ཞིག་གཏོང་དུས་ཙམ་བར་
མཆུ་ཏོ་འདིའི་སྒང་ལ་བཙུག་རྗེས་ཆོ་གཅིག་ཀྱང་མེད་
ད་ཆ་ལྷགས་པའི་ནང་ནས་
ཚུར་སྐོང་མ་ཐུབ་པའི་
བྱ་ཕུར་འདིའི་ཐག་པ་གཅོད་
རྗེས་སུ་ལམ་ཀག་འདིའི་སྒང་ལ་ཐུག་ན་
རྒྱབ་བལྟས་མ་བྱེད་ དགད་མོ་མི་དགོད་
ཞོགས་པའི་ཉི་མ་ཡར་ཤར་
རང་ཁ་བྲལ་པའི་ཉི་མ་དང་པོ་
ཤ་ཁ་ཁ་ གྲི་སོ་སོ་ རྗེས་མའི་ལམ་འདིའི་སྒང་ལ་ང་རང་ཅིག་པོ་
ཁ་བཤད་ཆུ་ཡི་ལྦུ་བ་
ལག་ལེན་ཏང་པ་གསེར་གྱི་ཐིགས་པ་
ད་འགྲིག་ཞག་ མཚམས་ཞག་ན་ཏག་ཏག་
རྒྱབ་བལྟས་མ་བྱེད་ འོ་འདུག་ཟེ་དབྱུགས་ཞག་